ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཕྱི་འབྲེལ”གྱི་རྒྱ་ཡིག་དང་དབྱིན་ཡིག་གི་ཆེད་སྒྲིག་དྲ་ཚིགས་ཤར་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཕྱི་འབྲེལ”གྱི་རྒྱ་ཡིག་དང་དབྱིན་ཡིག་གི་ཆེད་སྒྲིག་དྲ་ཚིགས་ཚེས28ཉིན་ཤར་གཏོང་བྱས། ཆེད་སྒྲིག་དྲ་ཚིགས་འདི་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཕྱི་འབྲེལ་པུའུ་གཉིས་ཀྱི་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཕྱི་ཡིག་ཅུའུ་ཡི་ཁོངས་གཏོགས་ཏེ་ཀྲུང་གོ་དྲ་སྦྲེལ་དྲ་བའི་གསར་འགྱུར་ལྟེ་གནས(ཀྲུང་གོ་དྲ་བ།)དང་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང(ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཞིབ་འཇུག་གླིང)གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན་ལ། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པའི་གཞུང་ཕྱོགས་ཀྱི་སྟེགས་བུ་ཞིག་རེད། 

ཆེད་སྒྲིག་དྲ་ཚིགས་འདི་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་དོན་བྱ་འགུལ་དང་གསུང་བཤད། རྣམ་བཤད།  མིང་བཀོད་རྩོམ་ཡིག་གཙོ་བོ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་འབྲེལ་བའི་ཡིག་ཚགས་གསུང་རྩོམ་དང་ཞིབ་འཇུག་གྲུབ་འབྲས་རྣམས་གཞི་གྲངས་ས་ཁྲའི་རྣམ་པ་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་འབྲེལ་ཞབས་རྗེས་མཚོན་པར་བྱས་ཡོད། ཆེད་སྒྲིག་དྲ་ཚིགས་འདིས་མུ་མཐུད་དུ་ཀྲུང་གོའི་ཕྱི་འབྲེལ་སྐོར་གྱི་གསར་འགྱུར་གལ་ཆེན་གསར་བསྒྱུར་བྱས་ཏེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྣེ་ཁྲིད་འོག་ཀྲུང་གོ་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བྱ་བ་ལག་བསྟར་བྱས་པ་མངོན་པར་མཚོན་ཡོད།

ཆེད་སྒྲིག་དྲ་ཚིགས་འདི་ཐོག་མར་རྒྱ་ཡིག་དང་དབྱིན་ཡིག་གི་སྐད་རིགས་སྣ་གཉིས་ཅན་ཡིན་ལ། དྲ་གནས་ནིhttp://www.chinadiplomacy.org.cnརེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།