ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ་ཞེས་པ་རྩོམ་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཆེད། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ་ཞེས་པ་རྩོམ་སྒྲིག་བྱས། དོན་ཆེན་ཟིན་ཐོ་ལ་བསྡོམས་པས་ཡིག་འབྲི་འབུམ་གཅིག་ཡོད་པ་དང་། ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར་མི་དམངས་ཉིན་རེའི་ཚགས་པར་སྟེང་རིམ་པ་གསུམ་བྱས་ནས་འགོད་རྒྱུ་ཡིན་ལ། མི་དམངས་དཔེ་སྐྲུན་ཁང་གིས་ཉེ་ལམ་དེབ་རྐྱང་མ་པར་དུ་བསྐྲུན་རྒྱུ་རེད།

དོན་ཆེན་ཟིན་ཐོ་ལས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་དང་པོ་དང་བློ་མཐུན་ཏིན་ཞའོ་ཕིང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གཉིས་པ། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པ། བློ་མཐུན་ཧུའུ་ཅིན་ཐོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལ་མཐུན་སྒྲིལ་དང་མགོ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་དང་རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་ཡོང་བར་དཀའ་སྤྱད་བརྩོན་ལེན་བྱས་པའི་རླབས་ཆེན་འཐབ་རྩོད་ཁྲོད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ཁྱོན་ཡོངས་ནས་བཀོད་ཡོད་པ་དང་། ལོ་བརྒྱའི་རྒྱུན་མཐུད་འབད་འཐབ་ཁྲོད་དུ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་མགོ་ཁྲིད་དེ་རླབས་ཆེན་བགྲོད་ལམ་གསར་གཏོད་བྱས་པ་དང་རླབས་ཆེན་བྱས་རྗེས་བསྐྲུན་པ། རླབས་ཆེན་སྙིང་སྟོབས་གསར་བཞེངས་བྱས་པ། རིན་ཐང་བྲལ་བའི་ཉམས་མྱོང་བསགས་པ་བཅས་གཙོར་བཟུང་ནས་མཚོན་པར་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དེ་མིན་རྒྱལ་སྲུང་དང་དམག་དཔུང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་སྒོས་མཚོན་པར་བྱས་ཡོད།

དོན་ཆེན་ཟིན་ཐོ་ཞེས་པ་རྩོམ་སྒྲིག་དང་པར་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་དམར་པོའི་སྲིད་དབང་ཐོབ་སླ་མོ་ཞིག་མིན་པ་དང་ཀྲུང་གོ་གསར་བ་ཐོབ་སླ་མོ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐོབ་སླ་མོ་ཞིག་མིན་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པ་དང་མར་ཁེ་སི་རིང་ལུགས་ཀྱིས་ཅིའི་ཕྱིར་ནུས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བར་ངོས་འཛིན་ཟབ་མོ་བྱེད་པར་སྣེ་ཁྲིད་བྱས་ཏེ། བགྲོད་ལམ་རང་རྟོན་དང་རིགས་གཞུང་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པར་མ་ཟད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། གསར་གཏོང་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་དམངས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་བྱེད་པ་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་འཐབ་བྱེད་པར་རོགས་འདེགས་བྱེད་ཐུབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།