ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ6པའི་ཚེས27ཉིན་རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ21བྱུང་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་པྲོག་གསར་ནད་པ21གསར་སྣོན་བྱུང་བ་དང་། དེ་དག་ཚང་མ་ཕྱི་ནས་མཆེད་པའི་ནད་པ(ཀོང་ཏུང་དུ་ནད་པ5དང་། ཡུན་ནན་དུ་ནད་པ5། སི་ཁྲོན་དུ་ནད་པ4། ཧྥུའུ་ཅན་དུ་ནད་པ3། ཧུའུ་ནན་དུ་ནད་པ2། པེ་ཅིང་དུ་ནད་པ1། ཧྲང་ཧའེ་དུ་ནད་པ1བཅས)ཡིན་ལ། ཤི་བའི་ནད་པ་མེད་པ་དང་། གསར་སྣོན་བྱུང་བའི་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཇེ་མང་དུ་སོང་ཞིང་། དེ་ནི་ཕྱི་ནས་མཆེད་པ(ཧྲང་ཧའེ)ཡིན།

ཉིན་དེར་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ21ཡོད་པ་དང་། གསོ་རིག་གི་ལྟ་ཞིབ་ལས་གྲོལ་བའི་འབྲེལ་འདྲེས་ཟབ་པའི་མི1978ཡོད་ལ། ནད་གཞི་ལྕི་མོ་ཕོག་མཁན་ཉིན་སྔོན་མ་ལས1ཇེ་མང་དུ་སོང་ཡོད།

ཕྱི་ནས་མཆེད་པའི་ནད་པ་ད་ལྟ390ཡོད་པ་དང་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཡོད། བསྡོམས་པས་གཏན་འཁེལ་བྱས་པའི་ནད་པ6561དང་བསྡོམས་པས་ནད་བཅོས་ལས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་པ6171ཡོད་ལ་ཤི་བའི་ནད་པ་མེད།

ཟླ6པའི་ཚེས27ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ462ཡོད་པ་དང་། བསྡོམས་པས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ86655ཡོད། བསྡོམས་པས་ཤི་བའི་ནད་པ4636དང་། ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས91753ཡོད། ད་ལྟ་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཡོད། བསྡོམས་པས་རྗེས་འདེད་བྱས་པའི་འབྲེལ་འདྲེས་ཟབ་པའི་མི1057634ཡོད་ལ། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་འབྲེལ་འདྲེས་ཟབ་པའི་མི16499ཡོད།

ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པའི་ནད་རྟགས་མེད་པའི་ནད་པ22(ཚང་མ་ཕྱི་ནས་མཆེད་པའི་ནད་པ)ཇེ་མང་དུ་སོང་ཡོད་ལ། ཉིན་དེར་པྲོག་གསར་གློ་ཚད་ཀྱི་ནད་པར་གཏན་འཁེལ་བྱས་པ་མི2(ཚང་མ་ཕྱི་ནས་མཆེད་པའི་ནད་པ)དང་། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི10ཡོད། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ481(ཕྱི་ནས་མཆེད་པའི་ནད་པ465)ཡོད།

ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ས་ཁུལ་གྱིས་སྙན་ཞུ་བྱས་པའི་ནད་པ་བསྡོམས་པས26605དང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ11917(སྨན་ཁང་ལས་བུད་པའི་ནད་པ11625དང་ཤི་བའི་ནད་པ210ཡོད)དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ54(སྨན་ཁང་ལས་བུད་པའི་ནད་པ51ཡོད)། ཐའེ་ཝན་ས་ཁུལ་དུ་ནད་པ14634(སྨན་ཁང་ལས་བུད་པའི་ནད་པ9650དང་ཤི་བའི་ནད་པ632ཡོད)བཅས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།