ཟླ5བར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7894ལ་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་ཀྱིས་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གནས་ཚུལ་ཟླ་རེའི་སྙན་ཞུ་གཞི་གྲངས་ཁྱབ་བསྒྲགས་བྱས། བརྡ་ཁྱབ་ལས་མངོན་པ་ལྟར་ན། 2021ལོའི་ཟླ5བར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱིི་དགོངས་དོན་དང་འགལ་བའི་གནད་དོན7894ཡོད་པ་དང་། མི11316(ས་གནས་ཀྱི་ཐིང་རིམ་འི་ལས་བྱེད་པ33དང་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ655)ལ་ཁ་ཏ་སློབ་གསོ་གནང་ནས་རོགས་སྐྱོར་དང་ཐག་གཅོད་བྱས།

བརྡ་སྦྱོར་ལ་གཞིགས་ན། ད་ལོའི་ཟླ5བར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན3800རྩད་ཆོད་པ་དང་། མི5799ལ་ཁ་ཏ་སློབ་གསོ་གནང་ནས་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང་འགན་འཁུར་ཕྲག་ཏུ་ལེན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་ཞུ་བྱེད་པའི་ཐད་འགན་མི་ཁུར་བ་དང་ལས་དོན་མི་སྒྲུབ་པ། གང་འདོད་དུ་སྒྲུབ་པ། ལས་དོན་རྫུན་མ་སྒྲུབ་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཕྱོགས་ནས་གནད་དོན་ཆེས་མང་བ་དང་། གནད་དོན3024རྩད་ཆོད་ལ་མི4629ལ་ཁ་ཏ་སློབ་གསོ་གནང་ནས་རོགས་སྐྱོར་དང་ཐག་གཅོད་བྱས།

བརྡ་སྦྱོར་ལྟར་ན། ད་ལོའི་ཟླ5བར་རྒྱལ་ཡོངས་སུ་བསྡོམས་པས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་གནད་དོན4094རྩད་ཆོད་པ་དང་། མི5517ལ་ཁ་ཏ་སློབ་གསོ་གནང་ནས་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང་། ལེགས་སྐྱེས་རྩ་ཆེན་འབུལ་སྤྲོད་དང་དང་ལེན་གནད་དོན1386རྩད་ཆོད་ལ། སྒྲིག་འགལ་གྱིས་ཁ་གསབ་དང་ཕན་བདེ་བྱིན་པའི་གནད་དོན799རྩད་ཆོད། སྒྲིག་འགལ་གྱིས་བཟའ་བཏུང་བྱས་པའི་གནད་དོན762རྩད་ཆོད་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།