ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཚོགས་པ།

ཟླ6པའི་ཚེས27ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་པེ་ཅིང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཚོགས་ཤིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་སོགས་ཀྱིས་གསར་འགོད་པར་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བ་ངོ་སྤྲོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་པེ་ཅིང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཚོགས་ཤིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་སོགས་ཀྱིས་གསར་འགོད་པར་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བ་ངོ་སྤྲོད་བྱས།

“ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་དབུ་བརྙེས་པའི་ཚུན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ལྟེ་བར་འཛིན་རྒྱུ་དང་ཆེ་ཕྱོགས་ལ་ཞབས་ཞུ། གཙོ་གནད་འབུར་ཐོན་དང་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས།  ཏང་གི་ལོ་རྒྱུས་ཞིབ་འཇུག་དང་ཡིག་ཚགས་རྩོམ་སྒྲིག གསར་རྩོམ་སྒྲིག་བསྒྱུར་སོགས་ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ་ལ། མུ་མཐུད་དུ་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བ་དེ་རྣམ་པ་གསར་བ་ཞིག་ཏུ་གཏོད་ཡོད”ཞེས་ཆུས་ཆིན་ཧྲན་གྱིས་བཤད། 

ཟླ6པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་པེ་ཅིང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཚོགས་ཤིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་སོགས་ཀྱིས་གསར་འགོད་པར་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བ་ངོ་སྤྲོད་བྱས།

ཏང་གི་ལོ་རྒྱུས་དང་གཞུང་ལུགས་ཞིབ་འཇུག་བྱེད་པའི་ཆེད་ལས་སྡེ་ཁག་ཞིག་ཡིན་པའི་ཆ་ནས། ཆུས་ཆིན་ཧན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་སྒྲུབ་པའི་བྱ་བ་རྣམས་ཕྱོགས་གསུམ་ནས་སྤྱི་བསྡོམས་བྱས་ཡོད་དེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གྲགས་ཅན་རྩོམ་སྒྲིག་དང་ཞིབ་འཇུག ལོ་ཙཱ། དྲིལ་སྒྲོག་བཅས་ཀྱི་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད། གཉིས་ནི་ཏང་གི་ལོ་རྒྱུས་དང་གཞུང་ལུགས་ཞིབ་འཇུག་གི་བྱ་བ་དེ་འགན་འཁྲི་གཙོ་བོ་དང་བྱ་བ་གཙོ་བོར་བཟུང་ནས་ཡིག་ཚགས་རྩོམ་སྒྲིག་དང་གསུང་རྩོམ་སྒྲིག་བསྒྱུར། ཏང་གི་ལོ་རྒྱུས་དྲིལ་སྒྲོག་དང་སློབ་གསོ་སོགས་ཀྱི་ཐད་འཕེལ་རྒྱས་གསར་བ་བྱུང་བ། གསུམ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོ་ཐད་གྲུབ་འབྲས་གསར་བ་བླངས་ཡོད་པ་རེད།

ཆུས་ཆིན་ཧྲན་སོགས་ཀྱིས་ད་རུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱ་རིང་གི་གྲུབ་འབྲས་གཙོ་བོ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞུགས་པའི་བྱ་བ་རྣམས་ཕྱོགས་བསྡུས་སྤྱི་བསྡོམས་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།