ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་ནས་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ཟླ6པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་བྱེད་མགོ་བརྩམས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོའི་རི་མོ་དང་། སྣུམ་ཚོན་རི་མོ། པར་རིས། ཕྱོགས་བསྡུས་རྒྱུ་ཆ། འཇིམ་བརྐོས་སོགས་སྒྱུ་རྩལ་རྣམ་པ་ཚུད་པའི་བརྩམས་ཆོས་བསྡོམས་པས180འགྲེམས་སྟོན་བྱས། འགྲེམས་སྟོན་དངོས་རྫས་དག་གཙོ་བོ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཉེ་བའི་ལོ་འགའི་རིང་ས་གནས་སོ་སོས་གསར་རྩོམ་བྱས་པའི་ཏང་གི་ལོ་རྒྱུས་ཀྱི་བརྗོད་གཞི་ཁ་ཤས་དང་དོན་དངོས་ཀྱི་བརྗོད་བྱའི་མཛེས་རྩལ་བརྩམས་ཆོས་ཡིན། རི་མོ་དེ་དག་ལས་རྒྱ་ཆེའི་མཛེས་རྩལ་ལས་དོན་པ་ཞིག་གིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། ཉེ་བའི་ལོ་འགའི་རིང་ཏང་གི་ལོ་རྒྱུས་བརྗོད་གཞིའི་མཛེས་རྩལ་བརྩམས་ཆོས་གསར་རྩོམ་གྱི་གྲུབ་འབྲས་གསར་བའང་ཡིན།

འགྲེམས་སྟོན་སྟེང་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་། ལོ་རྒྱུས་ཀྱི་ཕུལ་བྱུང་མི་སྣ། གུང་ཁྲན་ཏང་ཡོན་ཕུལ་བྱུང་བཅས་ལ་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ནམ་ཡང་མི་ནུབ་པའི་མཛད་རྗེས་མངོན་པར་མཚོན་ནས། སྒྱུ་རྩལ་གྱི་མཛེས་སྡུག་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་མགོ་ཁྲིད་དེ་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེན་དུ་གྱུར་པའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་མངོན་འགྱུར་བྱུང་བ་འགྲེལ་བཤད་བྱས་ཏེ། དུས་རབས་ཀྱི་འཆར་གཞི་བཀོད་པར་བརྟེན་ནས་ཀྲུང་གོ་མི་དམངས་ཀྱིས་གོམ་ཞེང་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་དུས་རབས་གསར་པར་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་འགྱུར་བྱུང་བ་མཚོན་ཡོད།

    འགྲེམས་སྟོན་དེ2021ལོའི་ཟླ12བར་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།