པར་འདི་ནི་ཟླ6པའི་ཚེས27ཉིན། སི་ཁྲོན་མཁའ་འགྲུལ་ཀུང་སི་ནས་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་བའི་དུས་གཏན་གནམ་གྲུ3U8001དེ་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་མགོ་བརྩམས་པའི་རྣམ་པ་ཡིན་ཞིང་། དེ་ནི་གནམ་གྲུ་ཐང་འདི་སྤྱོད་མགོ་ཚུགས་པའི་གནམ་གྲུ་འཕུར་ཐེངས་ཐོག་མ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་འཁོར་སྐྱོད་བྱེད་མགོ་བརྩམས་པའི་མཛད་སྒོ་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གིT1མཁའ་འགྲུལ་ས་ཚིགས་ཐོག་ཁང་དུ་བསྡུས།
ཉིན་མོ་དེར། རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་འཆར་འགོད་འཛུགས་སྐྲུན་བྱས་པའི་ཆེས་ཆེ་བའི་དམངས་སྤྱོད་སྐྱེལ་འདྲེན་འགག་རྩའི་གནམ་གྲུ་ཐང་སྟེ་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དངོས་སུ་སྤྱོད་མགོ་ཚུགས་པ་རེད།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་སྤྱོད་མགོ་ཚུགས་པ།