ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམར་པོའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 པར་འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཀྱིས་ཀྲུང་ནན་ཧེ་ཧྥིན་ཙི་ཡོན་དུ་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་བར་གཟིགས་ཞིབ་གནང་བའི་ཚུལ་རེད། 

2.jpg

པར་འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཀྱིས་ཀྲུང་ནན་ཧེ་ཧྥིན་ཙི་ཡོན་དུ་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་བར་གཟིགས་ཞིབ་གནང་བའི་ཚུལ་རེད།  

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམར་པོའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་དམར་པོའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གཅིག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་བསྟན་དོན། དམར་པོའི་ཐོན་ཁུངས་ནི་ང་ཚོ་ཏང་གིས་དཀའ་སྤྱད་དང་འབད་འཐབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་བདེན་དཔང་བྱས་པ་དང་ཆེས་རིན་ཐང་བྲལ་བའི་བསམ་བློའི་རྒྱུ་ནོར་ཡིན། དམར་པོའི་ཁྲག་རྒྱུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ངོ་བོའི་ཐུན་མོང་གི་མཚོན་བྱེད་ཡིན་པ་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་སྟོབས་ཤུགས་ཀྱི་མགོ་ཁུངས་ཡིན། འདས་པའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་པ་དང་མདུན་སྐྱོད་ཀྱི་བགྲོད་ལམ་ལ་རྒྱང་ལྟ་བྱེད་སྐབས། ང་ཚོས་ཅིས་ཀྱང་ནམ་ཡང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཏང་གི་འབད་འཐབ་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ཏེ་སྤོབས་སེམས་ཆེར་བསྐྱེད་དང་ཁ་ཕྱོགས་ལ་མཛུབ་ཁྲིད་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་ལེགས་པོར་བརྟེན་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ། ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་གསར་སྐྲུན་ལ་བརྟེན་ཏེ་རིག་སྟོབས་རྒྱས་བར་བྱེད་པ་དང་སྤྱོད་ལམ་གཙང་མར་བྱེད་དགོས་པར་མ་ཟད། སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ། གསར་བརྗེ་སྔོན་གཤེགས་དཔའ་བོས་རང་སྲོག་བློས་བཏང་ནས་བཞག་པའི་དམར་པོའི་རི་ཆུ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་འཛུགས་སྐྲུན་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་གསར་བརྗེ་སྔོན་རབས་པའི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཐེངས་འདིའི་ཐུན་མོང་གི་སློབ་སྦྱོང་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་ཁྲིད་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། གཟིགས་ཞིབ་དང་གྲོས་བསྡུར་ཟུང་འབྲེལ་གྱི་རྣམ་པ་སྤྱད་པ་རེད།

ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཁྲིད་དེ་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོའི་ནང་ཕེབས་ཏེ། འོད་སྟོང་འབར་བའི་རླབས་ཆེན་གྲུབ་འབྲས་དང་དམར་པོ་མགོ་བརྗོད་ཡིན་པའི་པེ་ཅིན་སློབ་ཆེན་གྱི་ཐོག་ཁང་ཆེན་མོ་དང་ཀྲུང་གོ་གུང་ཁྲན་ཏང་གིས་སྔོན་ཆད་པེ་ཅིང་གསར་བརྗེ་བྱ་འགུལ་སྤེལ་བ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་ལ་ཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། པེ་ཅིང་སློབ་ཆེན་ནི་རིག་གནས་འགུལ་སྐྱོད་གསར་བའི་ལྟེ་གནས་དང་ལྔ་བཞིའི་འགུལ་སྐྱོད་ཀྱི་ཇུས་འགོད་བྱེད་ས་ཡིན་ལ། ཆེ་སྔ་མོ་ནས་རང་རྒྱལ་གྱིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་བརྒྱུད་གཏོང་བྱེད་པ་དང་། ང་ཚོའི་ཏང་གིས་པེ་ཅིང་ནས་ཆེས་སྔ་མོར་གསར་བརྗེ་བྱ་འགུལ་སྤེལ་བའི་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ས་ཡིན་པས། དེ་ལ་ཏང་འཛུགས་གོ་རིམ་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་བ་ཧྥིན་ཙི་ཡོན་ནི་བློ་མཐུན་མའོ་ཙེ་ཏུང་གིས་གཅིག་དགུ་ཞེ་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ནས་བཟུང་ལོ་བཅུ་བདུན་ལ་བྱ་བ་བསྒྲུབས་པ་དང་འཚོ་བ་རོལ་བའི་ས་ཁུལ་ཡིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཁྲིད་དེ་གནས་དེར་ཕེབས་ནས་རྗེས་དྲན་བྱས་པ་དང་བློ་མཐུན་མའོ་ཙེ་ཏུང་གིས་ཧྥིན་ཙི་ཡོན་དུ་བྱ་བ་བསྒྲུབས་པ་དང་འཚོ་བ་རོལ་བའི་བརྙན་རིས་ཐུང་ངུ་ལ་གཟིགས་ཏེ། བློ་མཐུན་མའོ་ཙེ་ཏུང་གིས་གནས་དེ་ནས་མགོ་འཛིན་མཛད་དེ་བསྡུས་པའི་གྲོས་ཚོགས་གལ་ཆེན་དང་ཇུས་ཆོད་གལ་ཆེན་གཏན་འཁེལ་བྱས་པ། ཕྱི་རྒྱལ་གྱི་མགྲོན་པོ་གལ་ཆེན་ལ་མཇལ་འཕྲད་གནང་བ་སོགས་རྗེས་དྲན་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཧྥིན་ཙི་ཡོན་ནི་ཏང་གི་ལོ་རྒྱུས་སྟེང་དུ་མཚོན་རྟགས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ལྟར་བྱུང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཅི་ལྟར་བྱུང་བ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཏེ། ང་ཚོར་དོན་སྙིང་ཟབ་ཅིང་གསོན་ཉམས་ལྡན་པའི་ཏང་གི་ལོ་རྒྱུས་སློབ་ཁྲིད་བྱས།

གཟིགས་ཞིབ་མཛད་རྗེས། ཞི་ཅིན་ཕིང་སོགས་ཀྲུང་ནན་ཧེ་ཧོའེ་རིན་ཐང་ཕྱིར་ལོག་སྟེ་བརྗོད་དོན་གཙོ་བོར་དམིགས་ནས་ཐུན་མོང་གིས་སློབ་སྦྱོང་བྱས། ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དམར་པོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་གསལ་བའི་ཁ་དོག་གཙོ་བོ་ཡིན་ལ། ང་ཚོ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་ལ་འབད་འཐབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་དམར་པོའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས། ལོ་རྒྱུས་ཀྱི་དོན་དག་རེ་རེ་དང་གསར་བརྗེ་དཔའ་བོ་རེ་རེ། གསར་བརྗེ་སྙིང་སྟོབས་དང་གསར་བརྗེ་རིག་དངོས་རེ་རེ་ཡིས་ང་ཚོ་ཏང་བརྒྱུད་མྱོང་བའི་འོད་སྟོངས་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་བླངས་པའི་རླབས་ཆེན་གྲུབ་འབྲས་ཀྱི་ཚབ་བྱས་ཡོད་པ་དང་། ང་ཚོ་ཏང་གི་ཕུགས་འདུན་དང་རེ་སྙེག སྤོབས་སེམས་དང་ཁག་ཁུར། རང་སྲོག་བློས་གཏོང་བ་དང་བྱས་རྗེས་བཞག་པར་མངོན་པར་བྱས་ཡོད་ལ། ང་ཚོ་ཏང་གི་དམར་པོའི་ཁྲག་རྒྱུན་གཅིག་སྡུད་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། རྩ་འཛུགས་ཞིབ་མོ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་དམར་པོའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། བཀོལ་སྤྱོད་བཟང་བོ་བྱེད་དགོས། དམར་པོའི་ཐོན་ཁུངས་ཀྱི་ཆེད་དོན་ཞིབ་བཤེར་རྒྱ་ཆེར་སྤེལ་ནས་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་གཙོ་ཐིག་དང་ངོ་བོ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ལངས་ཕྱོགས་བརྟན་པོའི་སྒོ་ནས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་དང་གཏན་འགོག་བྱེད་དགོས། དོན་སྙིང་ལྡན་པའི་འགྲེམ་སྟོན་ཁང་གསར་སྐྲུན་བྱས་ཏེ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལོ་རྒྱུས་ལ་བརྟེན་ནས་དྲང་གཏམ་བརྗོད་པ་དང་མཚོན་བྱེད་ནུས་ཤུགས་དང་བརྒྱུད་གཏོང་ནུས་ཤུགས། ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བར་མ་ཟད་གསོན་ཉམས་ལྡན་པའི་སྒོ་ནས་དམར་པོའི་རིག་གནས་བརྒྱུད་གཏོང་བྱེད་དགོས། སློབ་གསོའི་ནུས་པ་ཇེ་ཆེར་གཏོང་བ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དོན་དག་གལ་ཆེན་དང་ལས་རིམ་གལ་ཆེན་ལ་དམིགས་ཏེ། མཚོན་བྱེད་ས་གནས་གལ་ཆེན་སྐོར་ཞིག་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་པ་དང་། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་ལྷུག་པར་བརྗོད་དགོས་ལ། ན་གཞོན་ལོ་ཆུང་གིས་རྟོགས་སླ་བའི་ཁྱད་ཆོས་དང་འཚམ་པའི་སློབ་གསོའི་བྱ་འགུལ་ཇུས་འགོད་བྱེད་པ་དང་། ཁྱད་ཆོས་འབུར་དུ་ཐོན་པའི་གསར་བརྗེ་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་སློབ་གསོ། ན་གཞོན་ལོ་ཆུང་གི་བསམ་བློའི་ཀུན་སྤྱོད་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཁོ་ཚོར་ཆུང་དུས་ནས་བཟུང་དམར་པོའི་ཕུགས་འདུན་ཡོད་པར་སྣེ་ཁྲིད་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།