རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས། རྩ་གནད་དེ་མགོ་བརྗོད་དང་མཛུབ་སྟོན་བསམ་བློ་དང་རྩ་དོན། དམིགས་འབེན། འགུལ་སྐྱོད་མཐོར་འདེགས། བཟོ་སྐྲུན་གཙོ་བོ་དང་རྩ་འཛུགས་ལག་བསྟར་བཅས་ཁག་ལྔ་ཡིས་གྲུབ་ཡོད།

རྩ་གནད་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་རང་རྒྱལ་གྱི་སྤྱི་དམངས་ལ་ལྡན་པའི་ཚན་རིག་བྱང་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་བཅོ་ལྔ་ལས་བརྒལ་བ་དང་། ཉིས་སྟོང་སོ་ལྔ་ལོའི་བར་དུ་རང་རྒྱལ་སྤྱི་དམངས་ལྡན་པའི་ཚན་རིག་བྱང་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་ཉེར་ལྔ་ལས་བརྒལ་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ། ན་གཞོན་ལོ་ཆུང་དང་ཞིང་བ། ཐོན་ལས་བཟོ་བ། རྒན་པ། མགོ་ཁྲིད་ལས་བྱེད་པ། སྤྱི་ཞབས་པ་སོགས་མི་ཚོགས་ལ་དམིགས་པའི་ཚན་རིག་བྱང་ཚད་ལས་གཞི་ལྔ་མཐོར་འདེགས་སུ་གཏོང་བའི་འགུལ་སྐྱོད་སོ་སོར་ལག་བསྟར་བྱེད་པ་དང་། ཚན་རྩལ་ཐོན་ཁུངས་ཚན་རིག་ཁྱབ་གདལ་ཅན་དང་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་མཐོར་འདེགས་སུ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་རྨང་གཞིའི་སྒྲིག་ཆས། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ནུས་པ་མཐོར་འདེགས་སུ་གཏོང་བ། ཚན་རིག་བྱང་ཚད་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་བཅས་བཟོ་སྐྲུན་གཙོ་བོ་ལྔ་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།