ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད་གྲོས་ཚོགས་ཀྱི་སྔོན་ལ་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་དགོས་ལ། ཉིང་བཅུད་དོན་སྙིང་དང་ལག་ལེན་རེ་བ་གསལ་བོར་ཤེས་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་པ་རྟོགས་པར་བྱེད་པ་དང་། དོན་དངོས་བསྒྲུབ་པ། མགོ་བཟང་བོ་ཚུགས་པ་སྔར་ལས་གཅིག་སྡུད་བྱེད་པར་མ་ཟད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས། བདུན་གཅིག་དུས་ཆེན་གྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ཏེ། སློབ་སྦྱོང་བགྲོ་གླེང་དང་དྲིལ་སྒྲོག་སྒྲོག་བཤད། ཞིབ་འཇུག་རྒྱས་བཤད། ལྟ་སྐུལ་མཛུབ་སྟོན་སོགས་ཀྱི་བྱ་བ་དམ་འཛིན་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་སྤྱད་འབད་འཐབ་སྒོས་ལོ་རྒྱུས་ཀྱི་རླབས་ཆེན་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།