ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གིས་མིའི་ཐོབ་ཐང་ལ་བརྩི་དཀར་དང་འགན་སྲུང་བྱེད་པའི་རླབས་ཆེའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས24ཉིན《ཀྲུང་གོ་གུང་ཁྲན་ཏང་གིས་མིའི་ཐོབ་ཐང་ལ་བརྩི་དཀར་དང་འགན་སྲུང་བྱེད་པའི་རླབས་ཆེའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།

རྒྱ་ཤ་དཀར་པོའི་ཁྲོད་བཤད་རྒྱུར། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ100ཡི་རིང་མིའི་ཐོབ་ཐང་ལ་བརྩི་དཀར་དང་འགན་སྲུང་བྱེད་པའི་རླབས་ཆེའི་ངོ་མཚར་སྐྲུན་ཏེ་མིའི་ཐོབ་ཐང་དཔལ་ཡོན་གྱི་ལེའུ་གསར་བ་འབྲི་བཞེངས་བྱས་ཡོད་ཟེར།

རྒྱ་ཤ་དཀར་པོའི་ཁྲོད་བསྟན་དོན། ལོ་ངོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ནི་གཞི་རྩའི་མིའི་ཐོབ་ཐང་གཙོ་བོ་ཡིན་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་པ་ནི་ཆེས་ཆེ་བའི་མིའི་ཐོབ་ཐང་ཡིན་པ་རྒྱུན་འཁྱོངས། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་མུ་མཐུད་དུ་ཤུགས་བསྣན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གཞུང་ལམ་སྟེང་རྒྱལ་ཁའི་ངང་བསྐྱོད་ཡོད།

རྒྱབ་ཤ་དཀར་པོའི་ཁྲོད་བཤད་རྒྱུར། ལོ་ངོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་སེམས་སུ་མི་དམངས་བཅངས་ཡོད་ལ། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་དང་། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས། ཀྲུང་གོས་འཛམ་གླིང་ཞི་བདེ་བརྟན་བརླིང་སྒོས་སྲུང་འཛིན་བྱེད་པ་དང་། མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱིས་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་མིའི་ཐོབ་ཐང་སྐོར་གྱི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་དང་། འཛམ་གླིང་ཡོངས་ཀྱི་མིའི་ཐོབ་ཐང་བཅོས་སྒྲིག་ཐད་ཀྲུང་གོའི་བློ་གྲོས་འབུལ་རྒྱུ་དང་ཀྲུང་གོའི་ཐབས་ཇུས་འདོན་རྒྱུ་ཡིན་ཞིང་། འཛམ་གླིང་གི་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདས་གྲུབ་བསྐྲུན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།