ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་ལས་ཞུགས་རྒྱ་བསྐྱེད་པ། དམངས་ཚིས་ལེགས་བཅོས་བྱེད་རྒྱུར་བཀོད་སྒྲིག་བྱས་ཤིང་། ཕྱི་ཕྱོགས་ཉོ་འཚོང་གི་ལས་རྣམ་གསར་བ་དང་རྣམ་པ་གསར་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གཏན་ལ་ཕབ་ནས་ཕྱི་ཚོང་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་འགྲན་རྩོད་ཀྱི་གནས་བབ་གསར་བ་གསོ་སྐྱོང་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཉེ་བའི་ལོ་འགའི་རིང་ལ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཤུགས་ཆེན་པོས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་བ་དང་། ཚོང་རའི་གཙོ་གཞིའི་ནུས་པ་ཇེ་ཆེར་བཏང་ཞིང་ལས་ཞུགས་ལ་རོགས་འདེགས་ཆེན་པོ་བྱས་པ་དང་སྒུལ་ནུས་གསར་བ་འཚར་ལོངས་འབྱུང་བར་ཡར་སྐུལ་བྱས་པར་མ་ཟད་འཕེལ་རྒྱས་ཀྱི་ནང་སྐྱེས་གསོན་ཤུགས་ཇེ་ཆེར་བཏང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་རེ་བ་ལག་བསྟར་བཟང་བོ་བྱེད་དགོས། གཅིག ལས་སྤེལ་གྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གཉིས། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་ཁོར་ཡུག་ལེགས་པོ་བསྐྲུན་དགོས། གསུམ། ལས་སྤེལ་གསར་སྐྲུན་སྲིད་ཇུས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལས་རྣམ་གསར་བ་དང་རྣམ་པ་གསར་བ་ནི་རང་རྒྱལ་ཕྱི་ཚོང་འཕེལ་རྒྱས་ཀྱི་ནང་སྐྱེས་སྟོབས་ཤུགས་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་དེའི་ནང་གི་རྒྱལ་ཁོངས་བརྒལ་བའི་གློག་ཚོང་གཞི་ཁྱོན་ལོ་ལྔ་ལ་ལྡབ་བཅུ་འཕར་སྣོན་བྱུང་ནས། ཕྱི་ཚོང་རིམ་འཕར་ལ་ཡར་སྐུལ་བྱས་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་ཕྱི་ཚོང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་བཏོན།  རྗེས་ཕྱོགས་སུ་གཅིག་ནས་རྒྱལ་ཁོངས་བརྒལ་བའི་གློག་ཚོང་འཕེལ་རྒྱས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གཉིས་ནས་ཧུར་ཐག་སྒོས་ཕྱི་རྒྱལ་དུ་ཡོད་པའི་ཚོང་རྫས་གསོག་གནས་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གསུམ་ནས་ཧུར་ཐག་སྒོས་ཚོང་རའི་ཉོ་སྡུད་ཉོ་ཚོང་རྣམ་པ་སོགས་འཕེལ་རྒྱས་སུ་གཏོང་དགོས། བཞི་ནས་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།