ཀྲུང་གོ་བོད་ཀྱི་དྲ་བ།

བསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་དེ་ཐོག་མར་ཁྲིན་ཏུའུ་ནས་ཁྲུང་ཆིན་བར་གྱི་ལྕགས་ལམ་སྟེང་འཁོར་སྐྱོད་བྱེད་མགོ་ཚུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས23ཉིན། CR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་དང་ཞབས་ཞུ་མི་སྣ་རྣམས་ཁྲུང་ཆིན་འཁོར་མཚམས་ཀྱི་འགུལ་འཁོར་སའོ་ནུབ་མ་རུ་འགྲོ་གྲབས་བྱེད་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས23ཉིན། CR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་དེ་ཀྲུང་གོའི་ལྕགས་ལམ་ཁྲིན་ཏུའུ་ཅུའུ་སྡེ་ཚོགས་ཚད་ཡོད་ཀུང་སི་ཁྲུང་ཆིན་འཁོར་མཚམས་ཀྱི་འགུལ་འཁོར་སའོ་ནུབ་མ་རུ་དངོས་སུ་རང་མདངས་མངོན།

རྒྱུས་ལོན་པ་ལྟར་ན། ཤེས་བྱའི་ཐོན་དབང་ཆ་ཚང་རང་ལ་དབང་པའི་བསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་དེ་ནི2019ལོའི་ཟླ12པར་ཐོག་མར་པེ་ཅིང་ནས་ཀྲང་ཅ་ཁུག་བར་གྱི་ལྕགས་ལམ་ནས་སྤྱོད་མགོ་ཚུགས། ཟླ6པའི་ཚེས25ཉིན་བསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་དེ་པེ་ཅིང་ནས་ཧྲང་ཧེ་དང་པེ་ཅིང་ནས་ཀོང་ཀྲིག པེ་ཅིང་ནས་ཧའར་པིན། ཞུས་ཀྲིག་ནས་ལན་ཀྲིག ཁྲིན་ཏུའུ་ནས་ཁྲུང་ཆིན་བར་གྱི་ལྕགས་ལམ་ནས་འཁོར་སྐྱོད་རྒྱ་སྐྱེད་བཏང་།

པར་འདི་ནི་ཟླ6པའི་ཚེས23ཉིན། ཞབས་ཞུ་མི་སྣསCR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་གྱི་འཁོར་ཁང་ནང་སྒྲིག་ཆས་ཀྱི་བྱེད་ནུས་ངོ་སྤྲོད་བྱེད་པའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས23ཉིན། ཞབས་ཞུ་མི་སྣསCR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་གྱི་འཁོར་ཁང་དུ་འགྲོ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས23ཉིན། ཞབས་ཞུ་མི་སྣསCR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་གྱི་འཁོར་ཁང་ནང་སྒྲིག་ཆས་ཀྱི་བྱེད་ནུས་ངོ་སྤྲོད་བྱེད་པའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས23ཉིན། པར་འདི་ནི་ཟླ6པའི་ཚེས23ཉིན། ཞབས་ཞུ་མི་སྣསCR400AFབསྐྱར་དར་རྟགས་ཅན་གྱི་རིག་ནུས་འགུལ་འཁོར་གྱི་འགྲམ་དུ་འགྲོ་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།