ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས22ཉིན་ཙན་པི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཁ་ཝུན་ཏ་ཚེ་ལས་འདས་པར་ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ཁྲོད་སྐུ་ཞབས་ཁ་ཝུན་ཏ་ནི་རྒྱལ་སྤྱིའི་མིང་གྲགས་ཆེ་བའི་ཧྥེ་གླིང་གི་རང་ཚུགས་འགུལ་སྐྱོད་ཀྱི་མགོ་ཁྲིད་པ་དང་ཆབ་སྲིད་པ། སྤྱི་ཚོགས་བྱ་འགུལ་པ་ཡིན་ལ། ཀྲུང་ཙན་འབྲེལ་བའི་རྨང་གཞི་འདིང་མཁན་ཡང་ཡིན། ཚེ་ལས་མ་འདས་གོང་ཁོང་གིས་ཀྲུང་གོ་དང་ཙན་པི་ཡ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་མགོ་ཁྲིད་པ་དང་མཛའ་བརྩེ་ཟབ་མོའི་འབྲེལ་བ་བཙུགས་ཡོད། ཀྲུང་གོ་མི་དམངས་ཀྱིས་ཁོང་གིས་ཀྲུང་ཙན་འབྲེལ་བའི་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ཕུལ་བྱུང་ནམ་ཡང་ཡིད་ལ་དམ་པོར་བཟུང་ཡོད། ངས་མུ་མཐུད་དུ་ཙུང་ཐུང་ལུན་ཀུའུ་དང་མཉམ་དུ་ཀྲུང་ཙན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཙན་བར་གྱི་མཛའ་མཐུན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྲུན་སྐྲུན་འདོད་ཡོད་པར་བསྟན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཞི་ཅིན་ཕིང་གིས་ཙན་པི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཁ་ཝུན་ཏ་ཚེ་ལས་འདས་པར་ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།