ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཡོན་གསར་པའི་འཐུས་མི་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས22ཉིན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་སྟེ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་པེ་ཅིང་དུ་ཏང་ཡོན་གསར་པའི་འཐུས་མི་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲུང་ཁྲིན་ཞི་ཡིས་བྱ་འགུལ་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

དམ་བཅའ་འཇོག་པའི་བྱེད་སྒོ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་འཚོགས།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། པེ་ཅིང་ན་ཡོད་པའི་ཀྲུང་དབྱང་གི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ་བཅས་དང་། མི་དམངས་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་། དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་ལས་རིགས་སོ་སོའི་ཏང་ཡོན་གསར་པའི་འཐུས་མི་བཅས་ཁྱོན་མི1000ལྷགས་ཞུགས་ཡོད།  

ཁྲིན་ཞི་ཡིས་གཏམ་བཤད་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་འདིར་གཟི་བརྗིད་ལྡན་པའི་ངང་ཏང་ནང་དུ་ཞུགས་པའི་ཏང་ཡོན་གསར་པར་ལྷག་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོང་གིས་བཤད་རྒྱུར། གསོན་ཤུགས་གསར་པ་དེ་བས་མང་བ་ཏང་གི་དཔུང་ཁག་ནང་ཞུགས་པ་དེས། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་དང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་མངོན་ཡོད། ཁོང་གིས་ཏང་ཡོན་གསར་པར་ཏང་ནང་ཞུགས་རྒྱུའི་དམ་བཅའ་ནམ་ཡང་བརྟན་པོར་ངེས་དགོས་པའི་སྐུལ་ལྕག་བྱས་ཏེ།  ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྩ་འཛུགས་ཀྱི་ཐོག་ནས་ཏང་ནང་དུ་ཞུགས་པར་མ་ཟད། བསམ་བློའི་ཐོག་ནས་ཡང་ཏང་ནང་དུ་ཞུགས་དགོས་པ་དང་།   ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ།  “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “ཡིད་ཆེས་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས།  བློ་ཐག་བཅད་ནས་ཏང་གི་རྗེས་སུ་འབྲང་བ་དང་འགྱུར་མེད་དམ་བཅའ་བཞག་ནས་མི་སྤོ་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས།  མི་དམངས་ཀྱི་བརྩེ་སེམས་བརྟན་པོར་བསྲུང་བ།  མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་དུ་གཏོང་བ།  དུས་རབས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་བ། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཟུང་ནས།  རང་འཁྲིའི་ལས་གནས་ཐོག་རྐང་ཚུགས་པ།  གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་།  ཏང་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་འཇོག་དགོས། ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱ་དགོས། མིག་དཔེའི་བྱ་སྤྱོད་ཐོག་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱ་དགོས།

ཉིན་དེར། ཧྲང་ཧའེ་དང་། ཀྲེ་ཅང་། ཅང་ཞིས། ཀུའེ་ཀྲོའུ། ཧྲའན་ཤིས། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར། ཏ་ཆིང་སྣུམ་ཞིང་སོགས་གཞི་རིམ་གྱི་ལས་ཁུངས་བཅས་ཀྱང་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཐོག་མཚོན་བྱེད་རང་བཞིན་གྱི་དོན་སྙིང་གལ་ཆེན་ནམ་མཚོན་བྱེད་རང་བཞིན་གལ་ཆེན་ལྡན་པའི་ས་གནས་སུ་ཏང་ཡོན་གསར་པའི་འཐུས་མི་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།