ཀྲུང་གོ་བོད་ཀྱི་དྲ་བ།

“ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར”གྱིི་རིམ་སྤེལ་བྱ་འགུལ་འབར་མ་རྒྱལ་ཁབ་ནས་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། འབར་མའི་དབྱང་ཀོང་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་བ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་དུས་མཉམ་སྒོས“མཛེས་སྡུག་གི་ཀྲུང་གོ”བརྗོད་དོན་ཡིན་པའི“2021ལོའི་ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར”གྱི་རིམ་སྤེལ་བྱ་འགུལ་བཏོན་པ་དང་། འབར་མའི་མང་ཚོགས་ལ་དྲ་ཐོག་ནས་ཀྲུང་གོར་ཡུལ་སྐོར་བྱེད་དུ་བཅུག་ནས་ཀྲུང་གོའི་འོད་སྟོང་འབར་བའི་རིག་གནས་དང་མཛེས་སྡུག་གི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་དུ་བཅུག

ཐེངས་འདིའི་བྱ་འགུལ་ལ“གཟུགས་འདས་ཤུལ་བཞག་དང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན”དང་། “གངས་འཁྱག་ཡུལ་སྐོར”། “ཟས་མཆོག་རིག་གནས”། “དར་གོས་ཚོང་ལམ་གྱི་ཟིན་ཐོ”བཅས་ཚན་པ་བཞི་ཡོད་པ་དང་། བརྙན་ཐུང་འགྲེམ་སྟོན་དང་དྲ་ཐོག་སློབ་ཁྲིད། མཉམ་འགུལ་རོལ་མྱོང་སོགས་ཀྱི་རྣམ་པས་འབར་མ་མི་དམངས་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲེམ་ཚོགས་མཚམས་སྦྱོར་བྱས་ཤིང་། ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་ཀྱི་གཏམ་རྒྱུད་ལོངས་སྤྱོད་བྱས་ཤིང་། ཀྲུང་གོའི་ས་ཁུལ་མི་འདྲ་བའི་རང་བྱུང་ཡུལ་ལྗོངས་དང་མི་ཆོས་རིག་གནས། ཉིན་རེར་དར་རྒྱས་འགྲོ་བཞིན་པའི་གྲོང་གསེབ་དར་རྒྱས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཕུགས་འདུན་བཅས་འགྲེམ་སྟོན་བྱས།

ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱ་འགུལ་མགོ་བརྩམས་རྗེས། དབྱང་ཀོང་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་གཟའ་འཁོར་དང་པོའི་རིང་བསྡོམས་པས་ཀྲུང་གོ་དང་འབར་མའི་རིག་གནས་བྱ་འགུལ11སྤེལ་བ་དང་། སྤྱིའི་ཁྱབ་ཚད་ཀྱི་མང་ཚོགས་མི་ཐེངས་ཁྲི38ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།