ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ25བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་དང་འབྲེལ་བའི་བྱ་བའི་གནས་ཚུལ་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་པ་ལྟར་ན།《རྒྱལ་སྲིད་སྤྱི་ཁྱབ་ཁང་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར》ཉེ་ཆར་འགྲེམ་སྤེལ་བྱས་པ་དང་།དེའི་ནང་དུ་འོས་འགན་སློབ་གསོའི་སློབ་གྲྭས་སློབ་ཕྱིའི་ཞབས་ཞུ་ཡོངས་སུ་ཁེབས་པ་དངོས་འབེབས་བྱེད་དགོས་པ་སོགས་ཀྱི་བྱ་བའི་བླང་བྱ25བཏོན་ཡོད།

རྒྱུས་ལོན་པ་ལྟར་ན།《རྒྱལ་སྲིད་སྤྱི་ཁྱབ་ཁང་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར》ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་རྗེས་བཟོས་པའི་སྲིད་ཇུས་ཀྱི་ཡིག་ཆ་ཐོག་མ་ཡིན་པ་དང་།དེའི་ནང་དུ་བཏོན་ཡོད་པའི་བྱ་བའི་བླང་བྱ་ནི་ཁྱིམ་ཚང་གི་ལྟ་སྐྱོང་དང་སློབ་གྲྭའི་སྲུང་སྐྱོབ།སྤྱི་ཚོགས་སྲུང་སྐྱོབ།དྲ་བའི་སྲུང་སྐྱོབ།སྲིད་གཞུང་སྲུང་སྐྱོབ།ཁྲིམས་འཛིན་སྲུང་སྐྱོབ་བཅས་ཀྱི་ཕྱོགས6དང་འབྲེལ་ཡོད།

ཁྱིམ་ཚང་གི་ལྟ་སྐྱོང་ཕྱོགས་ནས།བསམ་འཆར་གྱི་ནང་དུ་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཁྲིམས་ལྟར་ཉར་གསོ་བྱེད་པ་དང་།ཕ་མ་ངོ་མ་མ་ཡིན་པའི་མིས་ལྟ་སྐྱོང་དབང་ཆ་འཁུར་ཡོད་པའི་ཁྱིམ་ཚང་ལ་སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་ལག་བསྟར་བྱེད་རྒྱུ་དང་།སློབ་གྲྭའི་སྲུང་སྐྱོབ་ཀྱི་ཕྱོགས་ནས།འོས་འགན་སློབ་གསོའི་སློབ་གྲྭས་སློབ་ཕྱིའི་ཞབས་ཞུ་ཡོངས་སུ་ཁེབས་པ་དངོས་འབེབས་བྱས་ཏེ།ཆེད་ལས་སྟོབས་ཤུགས་དྲངས་ནས་སློབ་མའི་དོ་དམ་དང་ཞབས་ཞུའི་ནང་ཞུགས་སུ་འཇུག་རྒྱུ།སྤྱི་ཚོགས་སྲུང་སྐྱོབ་ཀྱི་ཕྱོགས་ནས།ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་བྱིས་པ་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་སྐྱོབ་རོགས་ལོ་ཚོད་ཇེ་ཆེར་བཏང་ནས།སྐྱོབ་རོགས་བྱ་ཡུལ་གྱི་ཁྱིམ་ཚང་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ཇེ་ཡངས་སུ་གཏོང་བར་སྐུལ་མ་གཏོང་རྒྱུ་རེད།

བསམ་འཆར་ནང་དུ་ད་རུང་། ནར་མ་སོན་པའི་མིའི་དྲ་ཐོག་སྲུང་སྐྱོབ་བྱ་བར་ཤུགས་སྣོན་རྒྱུ་དང་།གཅིག་གྱུར་ཡིན་པའི་ནར་མ་སོན་པའི་མིའི་དྲ་བའི་རོལ་རྩེད་ཐད་ཀྱི་གློག་རྡུལ་ཐོབ་ཐང་དཔང་ཡིག་ངོས་འཛིན་བྱེད་པའི་མ་ལག་འཛུགས་རྒྱུ།སྲིད་གཞུང་གི་སྲུང་སྐྱོབ་འགན་ནུས་ཇེ་དྲག་ཏུ་བཏང་ནས།ཡུན་རིང་ལྟ་སྐྱོང་གི་ཆེད་ལས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་།གནས་སྐབས་ལྟ་སྐྱོང་གི་བྱ་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།ཁྲིམས་འཛིན་སྲུང་སྐྱོབ་ཀྱི་འགན་ནུས་དངོས་འབེབས་བྱས་ཏེ།ནར་མ་སོན་པའི་མི་ལ་འཆལ་སྤྱོད་གནོད་འཚེ་ཕོག་པ་དང་ཡང་ན་དྲག་ཤུགས་གནོད་འཚེ་ཐེབས་པའི་གྱོད་དོན་ལ་ས་ཚིགས་གཅིག་ཅན་གྱི་སྲུང་སྐྱོབ་ནང་རྐྱེན་ལག་བསྟར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།