ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཕྱི་འགྲིམ་སློབ་མ་ཚོར་འཕྲིན་ལན་སྤྲིངས་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཕྱི་འགྲིམ་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཁོ་ཚོར་སྔར་ལས་ལྷག་པར་ཀྲུང་གོ་ངོ་མ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་དང་། བསམ་ཚུལ་དང་མྱོང་ཚོར་རྣམས་མི་གཞན་ལ་ངོ་སྤྲོད་གནང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་བར་བརྩེ་སེམས་དམ་སྦྲེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གང་ལེགས་འདོན་དགོས་པའི་ལྕག་སྐུལ་བཏང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཚོས་རང་འགུལ་ངང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཤེས་རྟོགས་བྱེད་པ་ནི་ཀྲུང་གོའི་འདས་ཟིན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས། མ་འོངས་པའི་འཕེལ་ཕྱོགས་བཅས་ལ་ཤེས་རྟོགས་བྱེད་པར་ཕན་པ་ཆེན་པོ་ལྡན།

ཞི་ཅིན་ཕིང་གིས་དེ་རིང་གི་ཀྲུང་གོར་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་གོ་བ་ཟབ་མོ་ལེན་དགོས། ཁྱེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་དཔལ་འབྱོར་གོང་སྤེལ་དང་དབུལ་ཕོངས་སེལ་བར་འབད་བརྩོན་བྱས་པ་དང་། རྒྱལ་ཁབ་གཞན་གྱི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པར་ཧུར་ཐག་སྒོས་རོགས་སྐྱོར་བྱས་ཚུལ་གླེང་འདུག ཀྲུང་གོ་གུང་ཁྲན་ཏང་གིས་བྱ་བ་འདི་དག་སྒྲུབ་དོན་ནི། ང་ཚོའི་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་སྲིད་ཏང་དང་། མིའི་རིགས་ཀྱི་བྱ་གཞག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་པའི་སྲིད་ཏང་ཞིག་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་གཏམ་དཔེ་ཞིག་ཡོད། ཁྱེད་ཚོ་ཀྲུང་གོའི་ས་གནས་ཁག་ཏུ་མང་ཙམ་བསྐྱོད་ནས་ཀྲུང་གོར་ཤེས་རྟོགས་གཏིང་ཟབ་བྱེད་པར་དགའ་བསུ་ཞུ་རྒྱུ་མ་ཟད། ཁྱེད་ཚོའི་བསམ་ཚུལ་དང་མྱོང་ཚོར་རྣམས་མི་གཞན་ལ་ངོ་སྤྲོད་གནང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་བརྩེ་སེམས་དམ་སྦྲེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གང་ལེགས་འདོན་དགོས།

ཉེ་ཆར། རྒྱལ་ཁབ32ནས་ཡོང་བའི་པེ་ཅིང་སློབ་ཆེན་གྱི་ཕྱི་འགྲིམ་སློབ་མའི་འཐུས་མི45ཡིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་འཁྲུངས་སྐར་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། འཕྲིན་ཡིག་ནང་ཁོ་ཚོས་ཀྲུང་གོ་རུ་སློབ་སྦྱོང་དང་འཚོ་བ་སྐྱེལ་བའི་མྱོང་ཚོར་དངོས་གླེང་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཀྲུང་གོར་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློར་ཚད་མཐོའི་གདེང་འཇོག་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།