ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་རིག་དངོས་ཅུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ཚོགས་པས་མཛུབ་སྟོན་གནང་ནས། ཧའེ་ནན་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་ཞིབ་བཤེར་དོ་དམ་ཅུའུ་དང་ཀྲུང་གོ་རིག་དངོས་བརྗེ་རེས་ལྟེ་གནས། ཀྲུང་གོ་དམངས་གཉེར་རིག་གནས་ཐོན་ལས་ཚོང་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2021ལོའི་ཀྲུང་གོའི་རིག་དངོས་ཐོན་ལས་འཕེལ་རྒྱས་དབུ་ཚོགས་དེ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་ནས་ཚོགས་པ་རེད།
མག་རྩོམ་མཛད་སྒོའི་སྟེང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྔོན་སྐྱོད་ཚོད་ལྟའི་གཙོ་གནད་ལས་གཞི་གྲས་ཤིག་ཡིན་པའི་ཧའེ་ནན་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཉོ་ཚོང་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས། ཧའེ་ནན་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཉོ་ཚོང་ལྟེ་གནས་དང་ཀྲུང་གོ་ཚན་རིག་གླིང་མཉེན་ཆས་ཞིབ་འཇུག་སའོ། ཧའེ་ཁོའུ་ཅང་ཏུང་ཁུལ་གསར་དོ་དམ་ཅུའུ་སོགས་ལས་ཁུངས10ལྷག་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་བཀོད་དེ། རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་། དབུ་ཚོགས་སྐབས་སུ་ད་དུང་རྒྱལ་ཁབ་ཀྱི་ལྷོ་རྒྱ་མཚོ་ཆེན་མོའི་རིག་དངོས་ཐོན་ལས་གླིང་གི་ལས་གཞི་འཛུགས་སྐྲུན་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་མ་ཟད་མགྱོགས་མྱུར་ངང་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། དབུ་ཚོགས་ཀྱིས་ད་དུང་བརྗོད་དོན་གཙོ་བོའི་གཏམ་བཤད་དང་སྐུ་མགྲོན་གླེང་མོལ། ཀྲུང་གོའི་དངོས་མང་བཤམས་སྟོན་མཐུན་ཚོགས་ཀྱི་རྒྱལ་དབང་མ་ཡིན་པའི་བཤམས་སྟོན་ཁང་གི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་དགུ་བའི་བཤམས་སྟོན་ཚོགས་འདུའི་གྲ་སྒྲིག་གྲོས་ཚོགས། 2021ལོའི་ཏ་ཐང་ཞི་ཧྲི་དཔྱིད་དུས་སྒྱུ་རྩལ་བརྩམས་ཆོས་ཕམ་ཚོང་ཚོགས་འདུ། ཀྲུང་གོའི་སྒྱུ་རྩལ་གྱི་ཕུལ་བྱུང་ཕམ་ཚོང་དགོང་ཚོགས། 2021ལོའི་རྒྱལ་སྤྱིའི་དེང་རབས་སྒྱུ་རྩལ་མཉམ་འབྲེལ་སྟོན་ཚོགས་སོགས་བྱ་འགུལ10ལྷག་སྤེལ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཀྲུང་གོའི་རིག་དངོས་ཐོན་ལས་འཕེལ་རྒྱས་དབུ་ཚོགས་ཚོགས་པ།