འཛད་སྤྱོད་པས་དུས་ལས་ཡོལ་རན་པའི་ཟས་རིགས་ཉོས་ན་བདེ་ཐང་ལ་གནོད་དམ།

དུས་ལས་ཡོལ་རན་པའི་ཟས་རིགས་ཞེས་པ་ནི་ཟས་རིགས་སྤུས་ཚད་འགན་ལེན་དུས་ཡུན་ལ་སླེབས་གྲབས་ཡོད་མོད། འོན་ཀྱང་སྤུས་ཚད་འགན་ལེན་དུས་ཡུན་ནང་དུ་ཡོད་པའི་ཟས་རིགས་ལ་ཟེར། 2012ལོའི་ཟླ1པོའི་ཚེས27ཉིན། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ཡིག་ཆ་སྤེལ་ཏེ་བླང་བྱ་ཁ་གསལ་བཏོན་པ་དང་ཟས་རིགས་བཙོང་མཁན་གྱིས་དུས་ལས་ཡོལ་རན་པའི་ཟས་རིགས་འཛད་སྤྱོད་པར་ཁ་གསལ་ངང་གསལ་བརྡ་གཏོང་དགོས་པ་མ་ཟད། རིགས་དགར་ནས་ཁེར་རྐྱང་དུ་འཚོང་དགོས་པའི་བླང་བྱ་བཏོན་པ་རེད། 《2020ལོའི་ཀྲུང་གོའི་དུས་ལས་ཡོལ་རན་པའི་ཟས་རིགས་ལས་རིགས་ཀྱི་ཁྲོམ་རར་དབྱེ་ཞིབ་དང་འཛད་སྤྱོད་པའི་ཞིབ་འཇུག་སྙན་ཞུ》གཞིར་བཟུང་། 2020ལོར་ཀྲུང་གོའི་འཛད་སྤྱོད་པར་བརྟག་དཔྱད་བྱས་པ་ལྟར་ན། བཅུ་ཆའི་བཞི་ལས་བརྒལ་བའི་བཅར་འདྲི་དང་ལེན་བྱེད་མཁན་འཛད་སྤྱོད་པས་ཉོ་འདོད་ཡོད་ཅེས་བཤད་པར་མ་ཟད། ཉེ་མིར་དུས་ལས་ཡོལ་རན་པའི་བཟའ་བཅའ་འོས་སྦྱོར་བྱེད་པ་དང་། ཟས་རིགས་འདིའི་རིགས་འཛད་སྤྱོད་ཚོགས་པའི་ཁྲོད་དུ། ལོ26ནས35བར་གྱི་བསྡུར་ཚད་ནི47.8%ཡིན། མི་ལ་ལས་འདི་ནི་བློ་རིག་ལྡན་པའི་འཛད་སྤྱོད་ཡིན་པར་བསྟོད་པ་བྱས་པ་དང་ད་དུང་འཕྲོ་བརླག་གཏན་འགོག་བྱེད་ཐུབ་པར་བཤད། ཡང་དྲ་གྲོགས་ལ་ལས་དུས་ཡུན་རིང་བོར་ཟས་རིགས་འདིའི་རིགས་ཟས་ན་བདེ་ཐང་ལ་གནོད་པར་སེམས་ཁུར་བྱེད་བཞིན་ཡོད། འོ་ན་དུས་ལས་ཡོལ་རན་པའི་ཟས་རིགས་ཟས་ན་ཆོག་གམ། ཡུན་རིང་ལ་ཟས་ན་བདེ་ཐང་ལ་གནོད་དམ། གཤམ་དུ་ཆེད་མཁས་པས་དེའི་སྐོར་ལ་འགྲེལ་བཤད་རྒྱབ་ཡོད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།