ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཁྲིན་མུའུ་ཧྭ་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་ཁྲིན་མུའུ་ཧྭ་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་བློ་མཐུན་ཁྲིན་མུའུ་ཧྭ་ཡི་ཁྱིམ་མི་ལ་ཐུག་འཕྲད་བྱས།

བློ་མཐུན་ཁྲིན་མུའུ་ཧྭ་ནི་རང་རྒྱལ་དཔལ་འབྱོར་ལས་དོན་དང་བུད་མེད་དང་བྱིས་པའི་ལས་དོན་གྱི་འགོ་ཁྲིད་པ་ཕུལ་བྱུང་ཅན་ཞིག་ཡིན་པ་དང་། ཀྲུང་གུང་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པ་དང་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། མཚན་འཛིན་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་བློ་མཐུན་ཁྲིན་མུའུ་ཧྭ་ཡི་གཟི་འོད་འབར་བའི་མི་ཚེ་ལ་ཕྱིར་དྲན་བྱས་ཏེ་ནན་གྱིས་བསྟན་དོན། ཁོ་མོའི་དད་མོས་བརྟན་སྲུང་དང་ཏང་ལ་བློ་དཀར་པའི་ཆབ་སྲིད་གཤིས་སྤྱོད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། མི་དམངས་སེམས་ལ་བཅངས་པའི་བརྩེ་བ། བཅོས་སྒྱུར་གྱི་བློ་མིག་རྣོན་པོ། གསར་གཏོད་གསར་སྐྲུན་གྱི་འགན་འཁྲིའི་འདུ་ཤེས། དངོས་ཐོག་བདེན་འཚོལ། བདེན་འཛིན་དངོས་གཉེར་གྱི་བདེན་ཐུབ་སྙིང་སྟོབས་དང་བབ་གཙང་སྤྱོད་བཟང་། ཁེ་གྲགས་དོན་དུ་མི་གཉེར་བ་བཅས་ཀྱི་སྲོལ་རྒྱུན་བཟང་བོར་སློབ་སྦྱོང་གང་ལེགས་བྱས་མཐར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།