ལི་ཁེ་ཆང་གིས་དབྱི་སི་རལ་གྱི་གསར་དུ་བསྐོས་པའི་ཙུང་ལི་པའེ་ནེ་ཐེ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ6པའི་ཚེས21ཉིན་ནཱ་ཧྥུ་ཐ་ལི་པའེ་ནེ་ཐེ་ལ་གློག་འཕྲིན་བཏང་སྟེ། ཁོ་རང་དབྱི་སི་རལ་གྱི་ཙུང་ལིར་བསྐོས་པར་རྟེན་འབྲེལ་ཞུས།

ལི་ཁེ་ཆང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ཁྲོད་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱི་འབྲེལ་བར་བརྟན་བརླིང་སྒོས་འཕེལ་རྒྱས་བྱུང་ཞིང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ཀྲུང་གོ་སྲིད་གཞུང་གིས་དབྱི་སི་རལ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། དབྱི་སི་རལ་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་ནས། རིམ་པ་སོ་སོའི་མཛའ་མཐུན་སྤེལ་རེས་རྒྱ་བསྐྱེད་དེ། ཀྲུང་དབྱི་བར་གྱི་ཕྱོགས་ཡོངས་གསར་གཏོད་ཀྱི་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།