ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོའི་བྱ་བའི་གྲོས་ཚོགས་ཀོས་ཀྲིག་པུས་ཅེ་ནས་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོའི་བྱ་བའི་གྲོས་ཚོགས་ཉེ་ལམ་ཀོས་ཀྲིག་པུས་ཅེ་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། སྔར་ལས་གཅིག་བསྡུས་སྒོས་རྒྱབ་སྐྱོར་བྱེད་པ་དང་སྔར་ལས་ཕན་པའི་བྱེད་ཐབས་སྤྱོད་པ། སྔར་ལས་ནུས་ལྡན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཐར་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་ཡོང་བར་བྱས་ནས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཁྲོད་དུ་རྗེས་སུ་མི་ལུས་པ་འགན་སྲུང་བྱེད་དགོས་པར་མ་ཟད་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་ཁྱོན་ཡོངས་སུ་རྒྱལ་ཁ་བླངས་རྗེས། རོགས་སྐྱོར་རྫོང་ཁག་གཙོ་བོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱིའི་འཕེལ་རྒྱས་ཆུ་ཚད་སྔར་བཞིན་དམའ་བ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་ད་དུང་དཀའ་ཁག་མི་ཉུང་བ་ཡོད་པས། ངེས་པར་དུ་དམིགས་འབེན་ཁྲིད་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་བརྟེན་ཏེ་རྒྱབ་སྐྱོར་བྱ་བ་སྣ་ཚོགས་ལ་གཅིག་འདོམས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་རྒྱ་བསྐྱེད་ནས། ཁུལ་ཁོངས་རང་བཞིན་གྱི་འཕེལ་རྒྱས་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་ལས་འགན་དང་པོར་བཞག་སྟེ་ཤུགས་ཆེན་པོས་དབུལ་ཐར་མི་གྲངས་རྒྱུན་མཐུད་སྒོས་འཕར་བར་སྐུལ་འདེད་གཏོང་བ་དང་། རྦད་ཆོད་སྒོས་གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་གཏན་སྲུང་བྱེད་དགོས། རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བ་དང་། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མ་ཟད་རྫོང་ཁོངས་དཔལ་འབྱོར་སྟོབས་ལྡན་དུ་བཏང་ནས་དར་རྒྱས་ཆེ་བའི་ས་ཁུལ་གྱི་དཔལ་འབྱོར་འབྲེལ་འདྲིས་ལ་ཤུགས་སྣོན་དགོས། རོགས་སྐྱོར་རྫོང་ཁག་གཙོ་བོའི་རྒྱབ་སྐྱོར་འགན་སྲུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཞིང་ཀྲུང་དབྱང་ལས་ཁུངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་ཇེ་ཆེར་གཏོང་བ་དང་། ནུབ་རྒྱུད་ཀྱི་ཞིང་ཆེན་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱིའི་འགན་འཁྲི་དང་ལེན་བྱེད་དགོས་ལ། རོགས་སྐྱོར་རྫོང་ཁག་གཙོ་བོས་ཧུར་ཐག་དང་རང་འགུལ་སྒོས་འབད་བརྩོན་བྱེད་པ་དང་མཉམ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།