རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་ནས་ཚན་རྩལ་གསར་སྐྲུན་བུད་མེད་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་ནས་ཚན་རྩལ་གསར་སྐྲུན་བུད་མེད་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་གྲོས་ཚོགས་ལ་ཞུགས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཚན་རིག་གླིང་དང་སྤྱི་ཚོགས་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚན་རྩལ་གསར་སྐྲུན་བུད་མེད་འགུལ་སྐྱོད་གཙོར་འཛིན་པ་དང་། སྣེ་ཁྲིད་ཞབས་ཞུ་ལ་ཤུགས་སྣོན་ཞིང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སྣེ་ཁྲིད་བྱས་ཏེ་ནམ་ཡང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་འབྲངས་དགོས་ལ། ཁ་ཕྱོགས་པ་བཞི་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཁྲོད་དུ་སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་དཀའ་སྤྱད་སྒོས་འབད་འཐབ་བྱེད་པ་མངོན་འགྱུར་བྱེད་དགོས། རྒྱ་ཆེའི་བུད་མེད་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་རེ་བའི་དགོས་མཁོར་ཞབས་ཞུ་བསྒྲུབ་པ་དང་། ཁོ་མོ་ཚོས་བློ་རྩེ་གཅིག་སྒྲིམ་སྒོས་ཞིབ་འཇུག་བྱེད་པ་དང་དངོས་སྒྲུབ་ལས་སྤེལ་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བུད་མེད་ཀྱིས་བྱས་རྗེས་འཇོག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚན་རྩལ་གསར་སྐྲུན་བུད་མེད་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞོ་ཝེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།