ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ཕྱོགས་བསྡུས་འཁྲབ་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས20ཉིན། ཀྲུང་དབྱང་གི་འབྲེལ་ཡོད་བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《རླབས་ཆེ་བའི་རྒྱང་སྐྱོད》ཞེས་པ2021ལོའི“བདུན་གཅིག”སྔོན་ལ་རྒྱལ་ཁབ་ལས་རྩལ་ར་བ་ནས་འཚོག་རྒྱུ་རེད། སྐབས་དེར་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད། བྱས་རྗེས་མཚན་སྙན་གྱི་གཟེངས་བསྟོད་ཐོབ་པའི་འཐུས་མི། གཞི་རིམ་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་སོགས་ལས་རིགས་སོ་སོའི་མི་སྣས་ཡུལ་དངོས་སུ་འཁྲབ་སྟོན་ལ་ལྟ་རྒྱུ་རེད། རིག་རྩལ་འཁྲབ་སྟོན་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་དབྱང་དམིག་ཨུ་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཁྱེར་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད། རིག་རྩལ་འཁྲབ་སྟོན་གྱིས་སྣང་ཚུལ་ཆེན་མོའི་ལོ་རྒྱུས་སྙན་ངག་གི་རྣམ་པས་སྒྱུ་རྩལ་གྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་བརྗིད་ཆགས་ཡིད་འོང་གི་རི་མོ་གསོན་ཉམས་དོད་པོའི་ངང་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  རང་རེའི་རྒྱལ་ཁབ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གསོན་ཉམས་དོད་པོས་མཚོན་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འོད་སྟོང་འབར་བའི་མདུན་ལམ་མངོན་པར་བྱས་ཡོད། མིག་སྔར། རིག་རྩལ་འཁྲབ་སྟོན་གྱི་འཁྲབ་སྦྱོང་གི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།