ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཀུའུ་ཐི་ལེ་སིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས་པ་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས་པའི་ཐད་ཀུའུ་ཐི་ལེ་སི་དང་ཕོར་ཐི་ཀལ་གྱི་ཙུང་ཐུང་ཏི་སའོ་སཱ་གཉིས་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ནི་ཆེས་ཡོངས་ཁྱབ་དང་ཆེས་འཐུས་ཚབ་ཅན། ཆེས་དབང་ཟིལ་ཅན་བཅས་ཀྱི་སྲིད་གཞུང་ཁག་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་གྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱིས་བསྩལ་བའི་འོས་འགན་ལག་བསྟར་བྱས་ཏེ། ལུགས་མཐུན་དྲང་བཞག་གི་ལངས་ཕྱོགས་འཛིན་པ་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་རྦད་ཆོད་བྱས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་པར་རེ་སྒུག་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།