ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་སུམ་ཅུ་ཇེ་མང་དུ་སོང་བ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཡིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སུམ་ཅུ་ཡོད་པ་བསྒྲགས་པ་དང་དེའི་ནང་ཕྱི་ནས་བྱུང་བའི་ནད་པ་ཉེར་བཞི་དང་ནང་གི་ནད་པ་དྲུག་ཡོད་པ་བསྒྲགས། ནད་རྟགས་མི་མངོན་པའི་ནད་པ་ཞེ་གཉིས་ཡོད། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ངོས་བཟུང་བའི་ནད་པ་ལྔ་བརྒྱ་གསུམ་ཡོད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་འགོག་སྨན་བརྒྱབ་པའི་ཁ་གྲངས་དུང་ཕྱུར་དགུ་དང་བྱེ་བ་དགུ་འབུམ་གཉིས་ཁྲི་ལྔ་སྟོང་བདུན་ལ་སླེབས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།