ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཕེབས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་པར་མ་ཟད། ཏང་ཡོན་འགོ་ཁྲིད་བློ་མཐུན་གྱི་སྣེ་ཁྲིད་དེ་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་ལ་ཆེས་འགུག་ཤུགས་ཆེ་བའི་སློབ་དེབ་ཡིན། ང་ཚོའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་བའི་ལོ་ངོ་བརྒྱ་ཡིན་ལ། དཀའ་ངལ་ཆེན་པོས་རྨང་བཏིངས་ལས་བཏོད་ཀྱི་ལོ་ངོ་བརྒྱ་ཡིན་པར་མ་ཟད། མཚར་སྡུག་འོད་སྟོང་འབར་བའི་མ་འོངས་པ་བཏོད་པའི་ལོ་ངོ་བརྒྱའང་ཡིན། འདས་ཟིན་པའི་འབད་འཐབ་ཀྱི་ལམ་ལ་ཕྱིར་མིག་ལྟ་རྒྱུ་དང་མིག་སྔའི་ལམ་ལ་རྒྱང་ལྟ་བྱེད་པར་ཅིས་ཀྱང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གང་ལེགས་དང་སྤྱི་སྡོམ་གནད་སྨིན་བྱེད་དགོས་ལ། ཏང་གི་རིན་ཐང་བྲལ་བའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱས་ཏེ། འབད་འཐབ་ཀྱི་བཞུད་ལམ་ཡིད་ནས་མ་བོར་བ་བྱེད་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་སྟེང་དུ་ལེན་པར་འབད་དེ། ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ལྟ་སྐོར་དང་སློབ་སྦྱོང་གི་ཐབས་ལམ་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དང་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྟེང་ནས་དུས་རྣམ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཕུགས་བསམ་དང་དད་མོས་ཇེ་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ཤེས་སློབ་ཤེས་བྱེད་པ། དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་དང་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ། གདོང་མཆོངས་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ། ཁྱོན་ཡོངས་ནས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་སྒྲུབ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་སྟོབས་ཤུགས་མཉམ་རུབ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གང་ཡོད་འབུལ་དགོས།

ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།