ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་དགུ་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་དགུ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅོ་ལྔ་ཡོད་ལ།  ནང་ནས་བྱུང་བའི་ནད་པ་བཞི་ཡོད། ནད་རྟགས་མི་མངོན་པའི་ནད་པ་ཉེར་བཞི་ཡོད། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་བར་དུ།  རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་མི་དུང་ཕྱུར་དགུ་དང་བྱེ་བ་བཞི་ས་ཡ་ལྔ་འབུམ་གཅིག་ཁྲི་ལྔ་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།