ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་རྟགས12པའི་མི་སྡོད་འཕུར་གྲུ་འཕུར་སྐྱོད་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG284.jpeg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིན་གྱི་དུས་ཚོད2021ལོའི་སྤྱི་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། ལྷ་གྲུ་ཨང་རྟགས་བཅུ་གཉིས་པའི་མི་སྡོད་འཕུར་སྐྱོད་ལས་འགན་གྱི་འཕུར་སྐྱོད་ཚན་ཆུང་གི་འཕུར་སྐྱོད་མགོ་རྩོམ་མཛད་སྒོ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཝུན་ཐེན་ཀོ་ཐང་ཆེན་དུ་སྤེལ་བ་རེད།

WechatIMG285.jpeg

 ཆུ་ཚོད6དང་སྐར་མ30ཐོག་ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་དང་མཁའ་ཚུགས་དུས་རིམ་གྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཧྲང་ཧྥུ་ཡིས་བཀའ་ཕབ་འོག  ཉེ་ཧའེ་ཧྲེང་དང་ལིའུ་པོ་མིང་། ཐང་ཧུང་པོ་བཅས་འཇིག་རྟེན་འཕུར་སྐྱོད་པ3བཀའ་ལྟར་འཕུར་སྐྱོད་བྱེད་མགོ་ཚུགས་ཏེ། དུས་ཡུན་ཟླ3གྱི་འཕུར་སྐྱོད་ལས་འགན་མགོ་ཚུགས་པར་མ་ཟད། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་མཁའ་ཚུགས་བགྲོད་ལམ་དུ་སྡེབ་སྦྱོར་བཟོ་སྐྲུན་དུས་རིམ་རྗེས་ཀྱི་མཁའ་དབྱིངས་སུ་འཚམས་འདྲིར་ཕེབས་མཁན་ཁག་དང་པོར་གྱུར་བ་རེད།

WechatIMG286.jpeg

པེ་ཅིང་དུས་ཚོད2021ལོའི་སྤྱི་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད9དང་སྐར་མ22ཐོག་མི་སྡོད་ལྷ་གྲུ་ཨང་རྟགས་བཅུ་གཉིས་པའི་རྒྱང་སྐྱོད་རྟགས་ཅན་ཨང་གཉིས་པའིFརྒྱང་རིང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཅུ་གཉིས་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བདེ་བླག་ངང་སྦར་གཏོང་བྱས་པ་རེད། དེ་ནི་རང་རྒྱལ་གྱི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་འགོད་ལས་གཞི་བཙུགས་ནས་ལག་བསྟར་བྱས་ཚུན་གྱི་ཐེངས19པའི་འཕུར་སྐྱོད་ལས་འགན་དང་། མཁའ་ཚུགས་དུས་རིམ་གྱི་མི་སྡོད་འཕུར་སྐྱོད་ལས་འགན་ཐོག་མ་དེ་ཡིན་པ་རེད།།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།