ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི20%བྱིས་པའི་ལུས་ཕུང་ལྗིད་ཚད་ཚད་ལས་བརྒལ་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གོ་སློབ་མའི་འཚོ་བཅུད་དང་བདེ་ཐང་སྐུལ་འདེད་ཚོགས་པ་ཚོ་འབུད་སྔོན་འགོག་ཚོད་འཛིན་ཡན་ལག་ཚོགས་པ་དངོས་སུ་བཙུགས་པ་དང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་ཕྱོགས་སོ་སོའི་མི་སྣས་ཚོ་འབུད་པ་དང་གཅོང་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་ཐད་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། དམིགས་གཏད་རང་བཞིན་ལྡན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཞིབ་འཇུག་གསར་བཟོ་བྱས་ཏེ། སློབ་མའི་བདེ་ཐང་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་མི་འབོར་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

བྱིས་པ་དང་ན་གཞོན་གྱི་བདེ་ཐང་འཚར་ལོངས་ནི་ཁྱིམ་ཚང་རེ་རེའི་ཆེས་སེམས་ཁུར་བྱེད་པའི་དོན་དག་ཞིག་ཡིན། རང་རྒྱལ་གྱི20%ཡི་བྱིས་པ་དང་ན་གཞོན་གྱི་ལུས་ཕུང་ལྗིད་ཚད་ཚད་ལས་བརྒལ་ཡོད། བྱིས་པ་ཚོན་པོ་ཡིན་ན་གཅོང་ནད་སྣ་ཚོགས་འབྱུང་ཉེན་ཆེ་སྟེ། ཁྲག་ཚད་དང་གཅུན་པ་མངར་འགྱུར་གྱི་ནད། ཁྲག་ཚིལ་མཐོ་བའི་ནད། མཆིན་པ་ཚིལ་འགག གྲུམ་བུའི་ནད། སྐྲན་ངན་སོགས་གཅོང་ནད་སྣ་ཚོགས་འབྱུང་ཉེན་ཆེ་བ་ཡིན།

ཀྲུང་གོའི་སློབ་མའི་འཚོ་བཅུད་དང་བདེ་ཐང་སྐུལ་འདེད་ཚོགས་པ་ཚོ་འབུད་སྔོན་འགོག་ཚོད་འཛིན་ཡན་ལག་ཚོགས་པ་བཙུགས་པ་དེས་རང་རྒྱལ་གྱི་བྱིས་པའི་ཚོ་འབུད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྐུལ་འདེད་ལ་རིག་གཞུང་བརྗེ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས་པ་མ་ཟད། རང་ཉིད་ཀྱི་འགན་འཁྲི་དང་འབྲེལ་ཏེ་ཚེ་སྲོག་གི་དུས་སྐབས་རེར་བསྟུན་ནས་ཚོ་འབུད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་འདོན་སྤྲོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།