ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་ནས་མགོ་བརྩམས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཙོ་སྒྲུབ་བྱས་པའི་རླབས་ཆེ་བའི་རྒྱང་སྐྱོད་དང་དུས་རབས་ཀྱི་ཤོག་རིས་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་ཚེས16ཉིན་ཀྲུང་གོ་མཛེས་རྩལ་ཁང་དུ་མགོ་བརྩམས།

འགྲེམ་སྟོན་གྱིས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། གླེང་གཞི་དང་ཡུལ་ཁམས་གསར་བ་གཏོད་པ། ཀྲུང་གོ་གསར་བ་བཙུགས་པ། དུས་སྐབས་གསར་བར་བསྐྱོད་པ། དུས་རབས་གསར་བར་འབད་པས་བསྙེགས་པ་བཅས་ཚན་པ་བཞི་རུ་དགར་ནས། ཀྲུང་གོ་མཛེས་རྩལ་ཁང་དང་འབྲེལ་ཡོད་མཛེས་རྩལ་ལས་ཁུངས་ཀྱིས་ཉར་ཚགས་བྱས་པའི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་དང་ཉེ་བའི་ལོ་འགའི་རིང་གསར་རྩོམ་བྱས་པའི་ཏང་གི་ལོ་རྒྱུས་བརྗོད་བྱ་ཡིན་པའི་ཕུལ་བྱུང་བརྩམས་ཆོས་དང་། དེ་མིན་དོན་དངོས་བརྗོད་བྱར་བཟུང་བའི་བརྩམས་ཆོས་སོགས་བརྩམས་ཆོས420ལྷག་གཅིག་བསྡུ་བྱས་ཡོད། འགྲེམ་སྟོན་བརྩམས་ཆོས་ལ་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་སྣུམ་མཚོན་རི་མོ། བརྐོས་རིས། འཇིམ་བརྐོས་སོགས་སྒྱུ་རྩལ་རིགས་སྣ་མང་པོ་ཚུད་ཡོད་པ་དང་། དུས་སྐབས་སོ་སོའི་རི་མོ་མཁས་ཅན་གྱི་བརྩམས་ཆོས་དང་། ཉེ་རབས་སུ་བྱུང་བའི་ཕུལ་བྱུང་ན་གཞོན་མཛེས་རྩལ་པའི་བརྩམས་ཆོས་ཀྱང་ཡོད།

འགྲེམ་སྟོན་གྱིས་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འོད་སྟོང་འབར་བའི་བགྲོད་ལམ་དུ་བསྐྱོད་པ་མངོན་པར་མཚོན་ཡོད་པ་དང་། འགྲེམ་སྟོན་སྐབས་སུ་རྣམ་པ་ཕུན་སུམ་ཚོགས་པའི་སྤྱི་བའི་སློབ་གསོའི་བྱ་འགུལ་གང་མང་སྤེལ་རྒྱུ་ཡིན་པ་དང་། ཟླ7པའི་ཚེས25ཉིན་བར་དུ་འགྲེམ་སྟོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།