ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བར་རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱུང་བ་རྒྱུན་འཁྱོངས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཟླ5བའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གཞི་གྲངས་ལྟར་ན་རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱུང་བ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་སྔོན་དཔག་བྱས་ཚུལ་ལེགས་ཤིང་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གྱུར།

བཟོ་ལས་ཞབས་ཞུ་ལས་རིགས་བརྟན་བརླིང་ངང་འཕར་སྣོན་བྱུང་། ཟླ5བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་དུས་མཉམ་ལས8.8%འཕར་ཏེ། ལོ་རེར་ཆ་སྙོམས་སུ6.6%འཕར་ཡོད། ཟླ་སྔོན་མ་དང་བསྡུར་ན0.52%འཕར། རྒྱལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས12.5%འཕར་ཏེ། ལོ་རེར་ཆ་སྙོམས་སུ6.6%འཕར་བ་དང་། ལོ་གཉིས་ཀྱི་ཆ་སྙོམས་ཀྱི་འཕར་ཚད་ཟླ4བ་དང་བསྡུར་ན་བརྒྱ་ཆའི་ཚེག0.4འཕར་ཡོད།

དངུལ་གཏོང་དང་འཛད་སྤྱོད་འཕར་ཚད་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ། ཟླ1པོ་ནས་ཟླ5བའི་བར། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར193917ལ་སླེབས་པ་དང་དུས་མཉམ་ལས15.4%འཕར། ལོ་གཉིས་ལ་ཆ་སྙོམས་སུ4.2%འཕར་ཏེ་ཟླ1པོ་དང་ཟླ4བ་དང་བསྡུར་ན་བརྒྱ་ཆའི་ཚེག0.3འཕར། ཟླ5བར་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར35945འཕར་ཏེ་དུས་མཉམ་ལས12.4%འཕར། ལོ་གཉིས་ལ་ཆ་སྙོམས་སུ26.9%འཕར་ཏེ་ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག0.2ཇེ་མགྱོགས་སུ་སོང་ཡོད།

ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས། ཟླ5བར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར31361ལ་སླེབས་ཏེ་དུས་མཉམ་ལས26.9%འཕར། དེའི་ཁྲོད་ཕྱིར་གཏོང་དུས་མཉམ་ལས18.1%འཕར་བ་དང་། ནང་འདྲེན་དུས་མཉམ་ལས39.5%འཕར་ཏེ། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར2960ཡིན།

ཚོང་རའི་གཙོ་གཞིའི་སྔོན་དཔལ་ཅུང་ལེགས་པ། ཟླ5བར་བཟོ་སྐྲུན་ལས་རིགསPMIདེ51%ལ་སླེབས་པ་དང་། བཟོ་སྐྲུན་མིན་པའི་ལས་རིགས་ཀྱི་ཚོང་དོན་བྱ་འགུལ་གྱི་སྟོན་གྲངས་ནི55.2%ཡིན།

གསར་བྱུང་འགུལ་ནུས་རྒྱུན་མཐུད་ངང་ཇེ་མཐོར་སོང་སྟེ་མཐོ་གསར་ལག་རྩལ་གྱི་ཐོན་ལས་འཕེལ་རྒྱས་ལེགས་པ། ཟླ5བར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་བའི་རིན་ཐང་ལོ་གཉིས་ལ་ཆ་སྙོམས་སུ13.1%འཕར་ཏེ། བཟོ་ལས་ཡོངས་ཀྱི་འཕར་ཚད་ལས་མངོན་གསལ་གྱིས་མགྱོགས་པ་ཡིན། ཟླ1པོ་ནས་ཟླ5བའི་བར་ལག་རྩལ་མཐོ་བའི་ཐོན་ལས་ལ་དངུལ་གཏོང་བྱས་པའི་ལོ་གཉིས་རིང་ལོ་རེར་ཆ་སྙོམས་སུ13.2%འཕར་ཏེ་དངུལ་གཏོང་ཡོངས་ཀྱི་འཕར་ཚད་ལས་མགྱོགས་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།