ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་ཡི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བའི་སྐོར་གྱི་ལོ་ངོ་ལྔ་ཡི་འཆར་འགོད་ཐེངས་བརྒྱད་པ་ཅེས་པ་བརྒྱུད་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་ཡི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བའི་སྐོར་གྱི་ལོ་ངོ་ལྔ་ཡི་འཆར་འགོད་ཐེངས་བརྒྱད་པ་ཅེས་པ་བརྒྱུད་སྤེལ་བྱས་ཏེ་དེ་འབྲེལ་གྱི་བརྡ་ཐོ་བཏང་བར་མ་ཟད། ས་གནས་དང་སྡེ་ཁག་སོ་སོས་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བའི་སྒོ་ནས་དངོས་འབེབས་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

འཆར་འགོད་ལས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་བརྡལ་བྱ་བར་སྣེ་འདོམས་བྱེད་དགོས། དམིགས་འབེན་གཙོ་བོ་ནི་ཉིས་སྟོང་ཉེར་ལྔ་ལོའི་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བློ་སྦྱོང་དང་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་བརྡལ་བྱ་བའི་མ་ལག་སྔར་ལས་འཐུས་ཚང་ཅན་དུ་འགྱུར་བ། སྤྱི་དམངས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཤེས་རྟོགས་བྱུང་ཚད་དང་ཁྲིམས་སྐྱོང་དགོངས་པར་མོས་མཐུན་བྱུང་ཚད། ཁྲིམས་སྐྱོང་ལག་ལེན་ལ་ཟབ་ཞུགས་བྱས་ཚད་བཅས་མངོན་གསལ་གྱིས་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་བ། རིམ་ངོས་མང་པོ་དང་ཁྱབ་ཁོངས་མང་པོ་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་ཡོངས་ཀྱིས་དོན་ཅི་སྒྲུབ་རུང་ཁྲིམས་ལྟར་སྒྲུབ་པ་དང་དོན་གང་ལ་འཕྲད་ཀྱང་ཁྲིམས་ལ་བརྟེན་པ། གནད་དོན་ཅི་ཞིག་ཐག་གཅོད་པར་ཁྲིམས་བཀོལ་བ། འགལ་བ་སྡུམ་པར་ཁྲིམས་དང་འབྲེལ་བའི་ཁྲིམས་སྐྱོང་ཁོར་ཡུག་ལ་བརྟེན་དགོས་པ་བཅས་ཀྱི་ཚད་མངོན་སུམ་གྱིས་ཇེ་ལེགས་སུ་གཏོང་བ། དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་བརྡལ་ལམ་ལུགས་འཐུས་ཚང་དང་ལག་ལེན་གནད་དུ་འཁེལ་བ། དཔྱད་འཇོག་ཚན་རིག་དང་མཐུན་པ། འོས་འགན་དངོས་འབེབས་བྱེད་པ་བཅས་ཀྱི་བྱ་བའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པར་བྱེད་རྒྱུ་བཅས་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།