ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་ཚེས17ཉིན་གྱི་སྔ་དྲོར་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། གཞུང་ལས་ཁང་ཀྲུའུ་རེན་གྱི་ལས་རོགས་པ་ཅི་ཆི་མིང་གིས་བར་སྣང་ས་ཚིགས་དུས་རིམ་གྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། པེ་ཅིང་གི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད9དང་སྐར་མ22སྟེང་ལྷ་གྲུ་ཨང་བཅུ་གཉིས་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱ་རྒྱུ་དང་། ཐེངས་འདིའི་འཕེན་གཏོང་ལས་འགན་ལག་བསྟར་བྱེད་པའི་རྒྱང་བསྐྱོད་གཉིས་པའིFརྒྱང་ཚོད་ཨང་བཅུ་གཉིས་པའི་མེ་ཤུགས་འཕུར་མདའ་ཡིས་ཚེས16ཉིན་གྱི་སྔ་དྲོར་སྐུལ་འདེད་ཆས་ཁ་སྣོན་བྱེད་རྒྱུ་རེད། །