ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་གསོ་སྦྱོང་ལྟ་སྐུལ་སི་བཙུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན། སློབ་གསོ་པུའུ་ཡིས་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་གསོ་སྦྱོང་ལྟ་སྐུལ་སི་འཛུགས་པའི་མགོ་ཚུགས་ཚོགས་ཆེན་བསྡུས་ཏེ། སློབ་གསོ་པུའུ་ཡི་ཏང་ཅུའུ་ཧྲུའུ་ཅིའམ་པུའུ་ཀྲང་ཁྲིན་པའོ་ཧྲན། ཏང་ཙུའི་ཁོངས་མིའམ་པུའུ་ཀྲང་གཞོན་པ་ཐན་ཞུའེ་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཏང་ཙུའི་ཁོངས་མིའམ་པུའུ་ཀྲང་གཞོན་པ་ཀྲིན་ཧྥུའུ་ཀྲི་ཡིས་ཚོགས་འདུར་མགོ་འཛིན་བྱས།

གྲོས་ཚོགས་སྟེང《ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གིས་སློབ་གསོ་པུའུ་ཡི་འགན་འཁྲི་ལས་ཁུངས་ཀྱི་སྒྲིག་ཁོངས་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར》སྒྲོག་སྦྱང་བྱས་ཤིང་། ཐེངས་འདིའི་ལས་ཁུངས་སྣོན་འཛུགས་བྱེད་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་གསོ་སྦྱོང་ལྟ་སྐུལ་བྱ་བར་མཐོང་ཆེན་གནང་བ་མཚོན་ཡོད་པ་དང་། དུས་རབས་གསར་བའི་ལོ་ཆུང་བྱིས་པར་ཐུགས་འཁུར་གནང་སྟེ། སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་གསོ་སྦྱོང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པར་བསྟན།

ཚོགས་འདུའི་སྟེང་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་དང་མགོ་ཁྲིད་ཚན་ཁག་གིས་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་ཁྱབ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། “འབད་འཐབ་ཡར་བརྩོན་དར་སྤེལ་གཏོང་དགོས་པ་དང་། སྙིང་སྟོབས་ཆེར་བསྐྱེད། དྲང་ནུས་གཅིག་ཏུ་སྒྲིལ་པར“འདུ་ཤེས་བཞི”ཇེ་དྲག་དང་། “ཡིད་ཆེས་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གསར་དུ་བཙུགས་པའི་སི་དང་ཅུའུ་ཡི་དོན་སྙིང་ངོས་འཛིན་བྱེདཔ་བཅས་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཚད་མཐོའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲིའི་འདུ་ཤེས། གཟི་བརྗིད་ཀྱི་འདུ་ཤེས་བཅས་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན་པར་མཚོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་སི་དེས་མི་དམངས་ཀྱི་བརྩེ་སེམས་སྔར་ལས་ལྡན་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་སྔར་ལས་ཆེ་བ། ཁྲིམས་སྐྱོང་གི་བསམ་བློ་སྔར་ལས་ཆེ་བ། བྱ་བའི་ཐབས་ཇུས་སྔར་ལས་མང་བའི་སི་ཅུའུ་རུ་སྐྲུན་ཏེ། “གཟེར་འདེབས”ཀྱི་སྙིང་སྟོབས་ལ་བརྟེན་ནས་གཉིས་འཕྲི་ལས་དོན་དངོས་འབེབས་བྱེད་པ་དང་ཕན་འབྲས་ཐུབ་པར་སྐུལ་འདེད་བཏང་ནས། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བསུ་དགོས་པར་ནན་གྱིས་བསྟན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།