ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་བཞི་ཡིས་མཉམ་འབྲེལ་སྒོས“ཏང་བཙུགས་ལོ་འཁོར་བརྒྱ་ཡི་གསར་བརྗེའི་ཡུལ་སྐོར་རྩེ་གྲས་ལམ་ཐིག་བརྒྱ”འོས་སྦྱོར་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཚད་ལྡན་ཞིབ་འཇུག་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་འབྲེལ་སྒོས“ཏང་བཙུགས་ལོ་འཁོར་བརྒྱ་ཡི་གསར་བརྗེའི་ཡུལ་སྐོར་རྩེ་གྲས་ལམ་ཐིག་བརྒྱ”འོས་སྦྱོར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ལམ་ཐིག་བརྒྱ་ཐམ་པ་འོས་སྦྱོར་བྱེད་པའི་དམིགས་ཡུལ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་དུ་སྦྲེལ་ནས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་ལོ་རྒྱུས་ཁྲོད་བླངས་པའི་གྲུབ་འབྲས་གལ་ཆེན་གང་ལེགས་ཀྱིས་མཚོན་རྒྱུ་དེ་རེད།

ལམ་ཐིག་བརྒྱ་ཐམ་པའི་བརྗོད་དོན་རིགས་ཆེན་གསུམ་དུ་བགོས་ཡོད་ལ། གཙོ་བོ་ཏང་གི་དོན་རྐྱེན་གལ་ཆེན་མཚོན་ཐུབ་པའི་གསར་བརྗེ་ཡུལ་སྐོར་གྱི་ཚད་ལྡན་ལྗོངས་ཁུལ་བདམས་པར་མ་ཟད་མཉམ་དུ་སྦྲེལ་ཡོད་པ་དང་། དུས་མཚུངས་སུ་ལམ་ཐིག་གི་ལྷུ་ཚིགས་སོ་སོར་མཁོ་བའི་ཕྱི་རོལ་གྱི་ཆ་རྐྱེན་ལྡན་པ་དང་། འོས་འཚམ་གྱི་ཡུལ་སྐོར་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ། ལྟ་སྐོར་བྱེད་པར་འཚམ་པ་བཅས་ལ་ཁག་ཐེག་བྱས་ཡོད། ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཏང་གི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་གསར་བརྗེའི་བྱབས་ཁྲུས་དང་ལེན་བྱེད་དུ་བཅུག་སྟེ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་དུ་འཇུག་པ་དང་། འཐབ་ལམ་གསར་པ་དང་དུས་རབས་གསར་པར་བརྩོན་པས་བསྐྱོད་པར་སྤོབས་པ་སྐྱེ་རུ་འཇུག་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། རིགས་ཆེན་གསུམ་གྱི་ནང་དུ“གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་བརྩོན་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ”ཡི་བརྗོད་དོན་ལམ་ཐིག52ཡོད་པ་དང་། དེ་དག་གིས་གཙོ་བོ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དུས་སྐབས་སོ་སོའི་མཚོན་རྟགས་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་རིང་ལ“ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བར་འབད་པ”ཡི་འོད་སྟོང་འབར་བའི་ལོ་རྒྱུས་མཚོན་ཡོད། “རྒྱལ་ཁབ་ཆེན་མོའི་མཚོན་ཆ་ཆེ་རིགས་དང་ཉེ་བར་བཅར་ཏེ་ཀྲུང་གོའི་སྟོབས་ཤུགས་རོལ་མྱོང་བྱེད་པ”ཡི་བརྗོད་དོན་ལམ་ཐིག20ཡོད་པ་དང་། དེ་དག་གིས་ཡུལ་སྐོར་པར་དུས་རབས་གསར་པའི་ཚན་རྩལ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རྣ་བར་བྱང་དུ་བཅུག་སྟེ། “རྒྱལ་ཁབ་ཆེན་མོའི་མཚོན་ཆ”ཡིས་ང་ཚོར་བསྩལ་པའི་ཡིད་ཆེས་དང་སྟོབས་ཤུགས་ཚོར་དུ་བཅུག་ཡོད། “དབུལ་ཐར་གྲུབ་འབྲས་ལ་རོལ་མྱོང་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པ”ཡི་བརྗོད་དོན་ལམ་ཐིག28ཡོད་པ་དང་། དེ་དག་གིས་གཙོ་བོ་རང་རྒྱལ་གྱི་དུས་རབས་གསར་པའི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་གལ་ཆེན་མཚོན་ཡོད།

རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྡོམ་རྩིས་བྱས་པའི་གཞི་གྲངས་ལྟར་ན། 2004ལོ་ནས2019ལོའི་བར། ལོ་རེར་གསར་བརྗེའི་ཡུལ་སྐོར་དུ་ཞུགས་པའི་མི་ཐེངས་དུང་ཕྱུར1.4ནས་མི་ཐེངས་དུང་ཕྱུར14.1ལ་འཕར་ཡོད་པས། མི་དམངས་ཀྱིས་གསར་བརྗེའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་གསར་བརྗེའི་རིག་གནས་ལ་རོལ་མྱོང་བྱེད་པའི་འདུན་པ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།