ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཚོགས་ཀྱིས་ཧུའུ་པེའི་ཧྲི་ཡན་སོལ་རླངས་འབར་གས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ཚན་བཙུགས་སྒྲུབ་སྐུལ་བྱ་རྒྱའི་གཏན་འབེབས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས14ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་ལྟར་ན།  རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཚོགས་ཀྱིས་ཧུའུ་པེ་ཧྲི་ཡན་སོལ་རླངས་འབར་གས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ཚན་བཙུགས་སྒྲུབ་སྐུལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།  འཕྲལ་བསྟུན་དོ་དམ་པུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ས་ཁུལ་སོ་སོས་སོལ་རླངས་སྤྱོད་པའི་ཚོང་འདུས་ཁྲོམ་ར་དང་། བཟའ་བཏུང་སོགས་ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གི་གཞི་གྲངས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པར་སྐུལ་འདེད་བཏང་ནས། སོལ་རླངས་ཤོར་བའི་ཉེན་བརྡའི་སྒྲིག་ཆས་སོགས་མགྱོགས་མྱུར་གྱིས་སྒྲིག་སྦྱོར་བྱས་ཏེ། སོལ་རླངས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས།  དེ་དང་འདྲ་བའི་དོན་རྐྱེན་བྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད།

1127562034_16236720956731n.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།