ཞི་ཅིན་ཕིང་གིས་སོག་པོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧི་ན་ཧུའུ་རུ་ལི་སུའུ་ཧི་ལ་ཁ་པར་བཏང་ནས་སོག་པོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུས་ཏེ་བསྟན་དོན། ཀྲུང་གོ་དང་སོག་པོ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་བཟང་བོ་དང་མཉམ་ལས་ཀྱི་རོགས་པ་རྣམ་དག་ཡིན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ལེགས་ལམ་དུ་འཕེལ་གྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་རིམས་ནད་འགོག་སྡོམ་བྱས་ནས་དེ་བསྟུན་གྱི་ཕན་འབྲས་མངོན་གསལ་བླངས། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཐད་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཙུང་ཐུང་ཁྱོད་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་འབུངས་རྒྱུ་ཡིན་ཞེས་གསུངས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།