ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག》དཔར་འགྲེམ(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)བྱས་པར་མ་ཟད། བརྡ་སྦྱོར་སྤེལ་ཏེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན་ལ། རྩ་འཛུགས་ཚགས་དམ་པ་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཐུན་མིན་གྱི་དགེ་མཚན་ཡིན། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་པ་དང་། ཏང་གི་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་འཆར་འགོད་བྱས་པས། དེ་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་བྱ་བ་ལེགས་སྒྲུབ་བྱེད་པའི་གཞི་རྩའི་བསྲུང་བྱ་ཡིན། 《སྲོལ་ཡིག》གཏན་འབེབས་དང་ལག་བསྟར་བྱས་པ་དེ། ཏང་གིས་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། རྩ་འཛུགས་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་སྐུལ་སྤེལ་བྱེད་པ་དང་། རྩ་འཛུགས་བྱ་བའི་སྤུས་ཀ་ཁྱོན་ཡོངས་ནས་ཇེ་བཟང་དུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་གྱིས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས《སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་སྒྲོག་འགྲེལ་བཤད་དང་སྐུལ་འདེད་རྟོག་ཞིབ་བྱེད་པ་དམ་འཛིན་ལེགས་པོ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་བྱ་བར་སྣེ་ཁྲིད་པར་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གིས་རྩ་འཛུགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་འགངས་ཆེན་དངོས་འབེབས་བྱེད་པའི་ཐད་ཁག་ཐེག་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཀྱི་གནས་ཚུལ་དང་བསམ་འཆར་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།