ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་ཟུར་ཞུགས་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་དགུ་ཉིན་གྱི་སྔ་དྲོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོ་རིམ་ཆ་ཚང་བའི་དམངས་གཙོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་ལ། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལ་བསམ་གཞིགས་གནད་སྨིན་བཏང་བ་མངོན་པར་མཚོན་པར་མ་ཟད། རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྱད་ཆོས་དང་དགེ་མཚན་སྒྲོག་འགྲེལ་གསལ་སྟོན་བྱས་པ་ཞིག་ཀྱང་ཡིན་པས། དེར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པའི་གནད་དོན་གལ་ཆེན་ཐད་གཞུང་ལུགས་དང་ལག་ལེན་གྱི་དོན་སྙིང་ཆེན་པོ་ལྡན་ཟེར།

ཟུར་ཞུགས་འཐུས་མིས་དམངས་ཆེན་འཐུས་མིའི་གོ་རིམ་ཆ་ཚང་བའི་དམངས་གཙོའི་ཁྲོད་ཀྱི་ནུས་པ་དཀྱིལ་སྙིང་དུ་བཟུང་ནས་འགན་ནུས་ལག་བསྟར་བྱས་པའི་ཉམས་མྱོང་དང་བསམ་ཚུལ་གླེང་། ལིས་ཀྲན་ཧྲུའུ་ཡིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོ་རིམ་ཆ་ཚང་བའི་དམངས་གཙོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཁྱད་པར་དུ་གོ་རིམ་ཆ་ཚང་བའི་དམངས་གཙོ་ཡི་ཁྱད་ཆོས་འབུར་ཐོན་ལ་གོ་བ་ཡང་དག་ལོན་དགོས། གཅིག་ནས་གོ་རིམ་ཆ་ཚང་བའི་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་གསར་ཤོས་ཡིན་ལ། ཆེས་རྒྱ་ཁྱབ་དང་ཆེས་དོན་དངོས། ཆེས་བཀོལ་བདེ་བཅས་ཀྱི་དམངས་གཙོ་ཡིན། གཉིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་གོ་རིམ་ཆ་ཚང་བའི་དམངས་གཙོ་ལག་བསྟར་བྱེད་པའི་གཞི་རྩའི་ཆབ་སྲིན་འགན་ལེན་ཡིན། གསུམ་ནས་ངེས་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དམངས་གཙོའི་བརྒྱུད་ལམ་གལ་ཆེན་འདི་དམ་པོར་འཛིན་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མི་རྣམས་ནི་མི་དམངས་ཀྱི་ཁྲོད་ནས་ཐོན་པ་དང་མི་དམངས་ཀྱི་ཚབ་བྱེད་ཀྱིན་ཡོད་པས། གོ་རིམ་ཆ་ཚང་བའི་དམངས་གཙོའི་ཁྲོད་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལས་དོན་དང་འཚོ་བ་རང་དོན་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས། དུས་ལྟར་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར་ཡིན་པ། ཆེས་མངོན་འགྱུར་བྱེད་བསམ་པའི་གནད་དོན་ཅི་རིགས་འོས་འཚམ་གྱི་ཐབས་ལམ་སྤྱད་དེ་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ། གནད་དོན་ཐག་གཅོད་ཐད་འབད་འབུངས་བྱེད་དགོས། ཐག་གཅོད་བྱེད་དཀའ་བའི་གནད་དོན་ཡོད་ཀྱང་དྲང་ཕྱོགས་ནས་སྣེ་འདོམས་བྱེད་པ་དང་འགྲེལ་བཤད་རྒྱག་དགོས། སྤྱི་ཡོངས་རང་བཞིན་དང་དཀྱུས་མའི་རང་བཞིན་གྱི་གནད་དོན་ཅི་རིགས་ལ་ཁྲིམས་ལྟར་གྲོས་གཞི་དང་བསམ་འཆར་བཏོན་ནས། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ངོས་ཐད་ནས་ཐག་གཅོད་བྱེད་དགོས། དམངས་ཆེན་འཐུས་མིས་རང་སྟེང་གི་ལས་འགན་སྒྲུབ་པའི་ཉམས་མྱོང་ཉམས་ལེན་དང་གཞི་གཅིག་ཏུ་སྦྲེལ་ཏེ། གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོའི་དམངས་ཆེན་གྱི་གཏམ་རྒྱུད་དང་གོ་རིམ་ཆ་ཚང་བའི་དམངས་གཙོའི་གཏམ་རྒྱུད་འཆད་དགོས་ཟེར།

ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།