ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། ཚེས9ཉིན་གྱི་དུས་ཚོད24ཡི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ21ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ15ཡོད་ལ། ཀྲེ་ཅང་དུ་ནད་པ་གཅིག་དང་ཧྲང་ཧེ་རུ་ནད་པ7། ཀོང་ཏུང་དུ་ནད་པ3། ཧྲན་ཞི་རུ་ནད་པ2། ཡུན་ནན་དུ་ནད་པ1། སི་ཁྲོན་དུ་ནད་པ1བཅས་བྱུང་། རང་ས་གནས་ཀྱི་ནད་པ6ཡོད་ལ། ཚང་མ་ཀོང་ཏུང་ནས་བྱུང་བ་རེད།
ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ18སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི625ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ2ཀྱི་ཇེ་མང་ལ་སོང་།
ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ285ཡོད་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ6188ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས5903ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།
ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས23892ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ11872ཡོད་པ་དང་། ནད་པ12587སྨན་ཁང་ནས་ཕྱིར་བུད་པ། ནད་པ210རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ52ཡོད་པ་དང་། ནད་པ51སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ11968ཡོད་པ་དང་ནད་པ1133སྨན་ཁང་ནས་ཕྱིར་བུད་པ། ནད་པ333རྐྱེན་ལམ་དུ་ཤོར། །