རིག་གནས་དང་ཡུལ་སྐོར་པུའུ་ཡིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ནང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁང20འཛུགས་རྒྱུ་ཡིན་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་ཡིས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་འཆར་འགོད》ཁྱབ་བསྒྲགས་བྱས། འཆར་འགོད་ནང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཉམས་ལེན་སྒྲིག་བཀོད་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁང་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱ་རྒྱུ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས20འཛུགས་རྒྱུ་བཅས་གསལ་བོ་བསྟན།

འཆར་འགོད་ནང་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁང་བསྐྲུན་པར་སྐུལ་ལྕག་བཏང་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་དང་འབྲེལ་བའི་རྒྱུན་འཛིན་ཉམས་ལེན་ལྟེ་གནས་བསྐྱར་སྐྲུན་གསར་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་དང་ས་ཁོངས། ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཆེད་དོན་ཁང་འཛུགས་པར་སྐུལ་ལྕག་གཏོང་རྒྱུ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཉམས་ལེན་བྱེད་ས་སྐྲུན་པར་སྐུལ་ལྕག་བཏང་སྟེ། གཟུགས་འདས་ཤུལ་བཞག་རིག་གནས་ཁང་དང་རྒྱུན་འཛིན་ཉམས་ལེན་ལྟེ་གནས(ཁང་དང་བྱེད་ས)ཆགས་པར་བྱས་ཏེ་རྒྱུན་འཛིན་དང་ཉམས་ལེན། སློབ་གསོ། གསོ་སྐྱོང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་བསྡུས་པའི་རྒྱུན་འཛིན་ཉམས་ལེན་བྱེད་སའི་མ་ལག་བསྐྲུན་དགོས།

རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ལས་ཁྱད་ལྡན་སློབ་གྲྭ་འབྲིང་ཆུང་གི་རྒྱུན་འཛིན་རྟེན་གཞི་བསྐྲུན་པར་སྐུལ་ལྕག་བཏང་ནས་ལས་རིགས་སློབ་གླིང་དུ་མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་དང་འབྲེལ་བའི་ཆེད་ལས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

འཆར་འགོད་ནང་གསལ་བོ་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་ངང་སྤེལ་བར་སྦྲེལ་མཐུད་བྱ་ཆེད། དབུལ་ཐར་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། རིམ་བཞིན་བརྟན་ལྷིང་དང་ཕུགས་ཕན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་འཛུགས་སྐྲུན་དང་འཁོར་རྒྱུག་ལམ་སྲོལ་འཛུགས་རྒྱུ་དང་། རྒྱུན་མཐུད་ངང་ས་ཁོངས་དང་མི་ཚོགས་དེ་ལས་མང་པོ་ལ་ཁྱབ་པར་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་པར་སྐུལ་ལྕག་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།