ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅུ་གཉིས་པའི་མི་སྡོད་འཕུར་གྲུ་དང་སྐྱེལ་འདྲེན་འཕུར་མདའི་མཉམ་སྡེབ་ཕུང་པོ་གཉིས་འཕེན་གཏོང་ཁུལ་དུ་དབོར་འདྲེན་བྱས་ཟིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས9ཉིན་ལྷ་གྲུ་ཨང་བཅུ་གཉིས་པའི་མི་སྡོད་འཕུར་གྲུ་དང་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོར་བཅུ་གཉིས་པའིFརྟགས་ཅན་གྱི་མེ་ཤུགས་སྐྱེལ་འདྲེན་འཕུར་མདའི་མཉམ་སྡེབ་ཕུང་པོ་གཉིས་འཕེན་གཏོང་ཁུལ་དུ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་བཀོད་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་དུས་ཚོད2021ལོའི་ཟླ6པའི་ཚེས9ཉིན། ལྷ་གྲུ་ཨང་བཅུ་གཉིས་པའི་མི་སྡོད་འཕུར་གྲུ་དང་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོར་བཅུ་གཉིས་པའིFརྟགས་ཅན་གྱི་མེ་ཤུགས་སྐྱེལ་འདྲེན་འཕུར་མདའི་མཉམ་སྡེབ་ཕུང་པོ་གཉིས་འཕེན་གཏོང་ཁུལ་དུ་དབོར་འདྲེན་བྱས་ཟིན་པ་རེད།

མིག་སྔར་འཕེན་གཏོང་ར་བའི་སྒྲིག་ཆས་གྲ་སྒྲིག་གི་གནས་ཚུལ་བཟང་བས་མི་འགྱངས་བར་འཆར་གཞི་ལྟར་འཕེན་གཏོང་སྔོན་གྱི་བྱེད་ནུས་ཞིབ་བཤེར་དང་མཉམ་འབྲེལ་ཚོད་ལྟའི་བྱ་བ་སོགས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།