ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ང་ཚོ་ཚང་མ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ཞིང་ཚང་མ་ཕུ་ནུ་མིང་སྲིང་ཡིན་པས་མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནས། སྤྲོ་སེམས་འཁོལ་བའི་ངང་ལྷན་གཅིག་ཏུ་འདུས་པའི་སྡེ་དམངས་ཡོངས་ལ། ང་ཚོ་ཚང་མ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ཞིང་ཚང་མ་ཕུ་ནུ་མིང་སྲིང་ཡིན། སྡེ་བ་འདིར་འགྱུར་ལྡོག་ཧ་ཅང་ཆེ་ཞིང་། ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཐོང་རྗེས་ང་རང་དགའ་སྤྲོ་ཚད་མེད་སྐྱེ་ཞིང་། ཚང་མས་ཏང་དང་སྲིད་གཞུང་ལ་བཅངས་བའི་བརྩེ་དུང་ཟབ་མོར་ངས་རོལ་མྱོང་བྱེད་ཐུབ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལ་བསླེབ་པའི་དུས་སུ། ཀྲུང་ཧྭ་མི་རིགས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་མི་རིགས་ཀྱི་གྲས་སུ་འགྱིང་ངེར་ལངས་སྲིད། སྐབས་དེར་ཐོན་ན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་དང་། དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་སྲིད་པས། ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད་པ་དང་། ང་ཚོ་ཚང་མ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཆ་ཤས་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་མི་རིགས་གཅིག་ཀྱང་ཆད་ལུས་བྱུང་མི་རུང་ལ། མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་བརྟན་པོ་ཡོད་དགོས་ཞེས་བསྟན།  །

1127545039_16232016824441n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།