ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་རིན་ཆེན་གཏེར་མཛོད་ཀྱང་ཡིན་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་པོ་ཁེ་རམས་ཐང་དུ་ཕེབས་ནས། མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་བའི་ཕན་འབྲས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། ཁོས་བསྟན་དོན། སྔོན་ཆད་ང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོར་སོང་མྱོང་། ད་ཐེངས་ཆེད་དུ་མཚོ་སྔོན་པོར་བལྟ་རུ་ཡོང་བ་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེ་ལ། གོ་གནས་ཡང་ཤིན་ཏུ་གལ་ཆེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས་པོ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱེད་པར། རྒྱལ་ཁབ་སྐྱེ་ཁམས་འཐབ་ཇུས་དངོས་འབེབས་གང་ལེགས་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གང་ལེགས་བྱེད་དགོས། སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་རིན་ཆེན་གཏེར་མཛོད་ཀྱང་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།