ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་བདེ་འཇགས་འགན་སྲུང་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། འབྲུ་རིགས་དང་དངོས་རྫས་གསོག་འཇོག་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་འབྲེལ་ཡོད་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གཙོ་བོ་ཡིན། ཏང་ཀྲུང་དབྱང་གིས་གནའ་ནས་བཟུང་འབྲུ་རིགས་བདེ་འཇགས་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ཐད་ལ་བཀོད་སྒྲིག་རབ་དང་རིམ་པ་བྱས། ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཏན་ཏིག་སྒོས་འབྲུ་རིགས་དང་དངོས་རྫས་གསོག་འཇོག་བཅོས་སྒྱུར་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་ནས། ཀྲུང་གོ་བའི་ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཟེར།

ཧན་ཀྲིན་གྱིས་འབྲུ་རིགས་དང་དངོས་རྫས་གསོག་འཇོག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ལ་འགྱུར་ལྡོག་བྱུང་བ་གཞིར་བཟུང་སྟེ། འབྲུ་རིགས་དང་དངོས་རྫས་གསོག་འཇོག་གི་སྤྱི་གྲངས་གཏན་འཁེལ་དང་སྒྲིག་གཞི་ལེགས་སྒྲིག རྫས་སྣ་གདམ་གསེས། གསོག་འཇོག་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་མཛེས་པའི་འཚོ་བའི་དགོས་མཁོ་སྐོང་དགོས། བློ་ཐག་རྦད་ཆོད་སྒོས་ཞིང་ས་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་དམར་ཐིག་གཏན་སྲུང་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི་ཆེ་གཞི་རྩའི་ཐོན་སྐྱེད་ནུས་པ་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།