ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཁག25བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནར་མ་སོན་པའི་མིའི་དྲ་བའི་རོལ་རྩེད་ཀྱི་གློག་རྡུལ་ཐོབ་ཐང་ལ་མ་ལག་གིས་ངོས་འཛིན་བྱེད་པ།

སློབ་གྲྭའི་སྲུང་སྐྱོབ་ཐད།

འོས་འགན་སློབ་གསོའི་སློབ་གྲྭའི་སློབ་ཕྱིའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཆེད་ལས་ཀྱི་སྟོབས་ཤུགས་ནང་འདྲེན་གྱིས་སློབ་མའི་དོ་དམ་དང་ཞབས་ཞུའི་ནང་ཞུགས་སུ་འཇུག་པ།

ཁྲིམས་འཛིན་སྲུང་སྐྱོང་ཐད།

ནར་མ་སོན་པའི་མིར་ཆགས་སྲེད་དང་ཡང་ན་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་པའི་གྱོད་གཞི་གཅིག་འཐུས་རྣམ་པའི་དཔང་རྟགས་ལེན་པའི་སྲུང་སྐྱོབ་ལམ་སྲོལ་ལག་བསྟར་བྱེད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་བར། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་བསམ་འཆར》ཉེ་ཆར་པར་འགྲེམས་བྱས་ཤིང་། བསམ་འཆར་ནང་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་ཕྱིའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དོན་འཁྱོལ་བྱེད་པ་སོགས་ཀྱི་བྱ་བའི་བླང་བྱ་ཁག25བཏོན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་རྗེས་སྤེལ་བའི་སྲིད་ཇུས་ཀྱི་ཡིག་ཆ་དང་པོ་ཡིན་པ་དང་། བཏོན་པའི་བྱ་བའི་བླང་བྱ་ནི་ཁྱིམ་ཚང་གིས་ལྟ་སྐྱོང་དང་། སློབ་གྲྭས་སྲུང་སྐྱོང་། སྤྱི་ཚོགས་སྲུང་སྐྱོང་། དྲ་རྒྱས་སྲུང་སྐྱོང་། སྲིད་གཞུང་གིས་སྲུང་སྐྱོང་། ཁྲིམས་འཛིན་གྱིས་སྲུང་སྐྱོང་བཅས་ཕྱོགས6གི་ནང་དོན་ཡོད་པ་རེད།

ཁྱིམ་ཚང་གིས་ལྟ་སྐྱོང་བྱེད་པའི་ཐད་ཁྲིམས་ལྟར་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་གཉོར་བ། ཕ་མ་ངོ་མ་མ་ཡིན་པའི་ལྟ་སྐྱོང་དབང་ཆ་ལག་བསྟར་བྱེད་པའི་ཁྱིམ་ཚང་ལ་སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་ལག་བསྟར་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་པའི་བསམ་འཆར་བཏོན། སློབ་གྲྭས་སྲུང་སྐྱོང་ཐད། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་ཕྱིའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། ཆེད་ལས་སྟོབས་ཤུགས་ནང་འདྲེན་བྱས་ནས་སློབ་མར་དོ་དམ་དང་ཞབས་ཞུའི་ནང་ཞུགས་སུ་འཇུག་པ། སྤྱི་ཚོགས་ཀྱིས་སྲུང་སྐྱོང་བྱེད་པའི་ཐད་ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལོ་ཚད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ལྷོད་ཡངས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

བསམ་འཆར་ནང་ད་དུང་ནར་མ་སོན་པའི་མི་ལ་དྲ་རྒྱས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་བསྣན་ནས། གཅིག་གྱུར་གྱིས་ནར་མ་སོན་པའི་མིའི་དྲ་རྒྱའི་རོལ་རྩེད་ཀྱི་གློག་རྡུལ་ཐོབ་ཐང་ངོས་འཛིན་མ་ལག་འཛུགས་པ་དང་། སྲིད་གཞུང་གི་སྲུང་སྐྱོང་འགན་ནུས་ལ་ཤུགས་སྣོན་པ། ཡུན་རིང་ལྟ་སྐྱོང་ཆེད་ལས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གནས་སྐབས་ཀྱི་ལྟ་སྐྱོང་བྱ་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། ནར་མ་སོན་པའི་མིར་ཆགས་སྲེད་དང་ཡང་ན་གཏུམ་སྤྱོད་གནོད་འཚེ་ཕོག་པའི་གྱོད་གཞིའི་གཅིག་འཐུས་རྣམ་པའི་དཔང་རྟགས་ལེན་པའི་སྲུང་སྐྱོང་ལམ་སྲོལ་ལག་ལེན་བསྟར་བྱེད་པ་སོགས་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།