ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྡེ་ཁག153དང་མི་སྒེར257ལ་སྔོན་ཐོན་གཟེངས་བསྟོད་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཚེས8ཉིན་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། པེ་ཅིང་གྲོང་ཁྱེར་རོགས་སྐྱོར་མཉམ་ལས་གཞུང་ལས་ཁང་གི་ཁྲུའུ་གསུམ་པ་སོགས་སྡེ་ཁག153ལ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་སྡེ་ཁག་ཅེས་པའི་མཚན་སྙན་གནང་བ་དང་། ཀྲའོ་ཡུང་སོགས་བློ་མཐུན257ལ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་། གཟེངས་བསྟོད་ཐོབ་པའི་མི་སྒེར་གྱིས་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་པའི་ཐོབ་ཐང་ལོངས་སུ་སྤྱད་ཆོག

གྲོས་ཚོགས་ལས་མིག་སྔར་ཞིང་གསུམ་བྱ་བའི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བའི་ཕྱོགས་ལ་བསྒྱུར་བཞིན་ཡོད་པས། དེའི་གཏིང་ཚད་དང་ཁྱབ་རྒྱ། དཀའ་ཚད་བཅས་དབུལ་ཐར་དགག་སྒྲོལ་ལས་མི་དམན་པ་ཡིན། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་གྲོང་ཁྱེར་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་མིག་དཔེ་རུ་བརྟེན་ནས། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་དང་། གོང་བུ་གཅིག་ཏུ་སྒྲིལ་ནས་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་བྱས་རྗེས་གསར་བ་འཇོག་པ་དང་གྲུབ་འབྲས་གསར་བ་ལེན་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།