ཞི་ཅིན་ཕིང་གིས་ཁྱད་ལྡན་ཐོན་ལས་མང་པོ་འཕེལ་རྒྱས་སུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་སྔར་ལས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀྲུང་སིར་ཕེབས་ནས། ཐོན་སྐྱེད་འཁོར་ཁང་དང་ཇུས་འགོད་སྡེ་ཁག་ཏུ་ཐོན་རྫས་ཐོན་སྐྱེད་དང་ཇུས་འགོད་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། བོད་ལུགས་ས་གདན་ནི་ཁྱད་ལྡན་ཐོན་ལས་ཡིན་པ་དང་། ཁྱེད་ཚོས་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་བཟོ་རྩལ་ཟུང་འབྲེལ་ཡག་པོ་བྱས་ཏེ། རང་གཤིས་ཅན་དང་སྣ་མང་ཅན་གྱི་ཚོང་རའི་དགོས་མཁོ་དང་བསྟུན་ཡོད། བོད་ལུགས་ས་གདན་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ཐོན་ལས་ཡིན་ཏེ། དབུལ་སྐྱོར་ཕྱུག་བསྒྱུར་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ཕན་ནུས་ལྡན་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ཀྱང་ལྡན། ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་དེ་ལྟ་བུའི་ཁྱད་ལྡན་ཐོན་ལས་སྔར་ལས་མང་པོ་འཕེལ་རྒྱས་སུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་སྔར་ལས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།  །

1127541094_16231153976291n.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།